སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་ཞིང་པ་ཚོས་ཞོག་ཁོག་བསྡུ་བར་བྲེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།



        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་15ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་ཀུང་ཀྲའོ་གྲོང་མི་ཚོ་ཆུང་གི་བདེ་ཆེན་མའོ་ལིན་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སིའི་ཞོག་ཁོག་གནས་གཞིར་འཕྲུལ་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དང་།ལས་མི་རྣམས་ཀྱིས་ཞོག་ཁོག་བསྡུ་བ།  འགྲམ་དུ་ཟོག་འདྲེན་རླངས་འཁོར་འགས་འཁོར་བཅུག་དབོར་འདྲེན་གྲ་སྒྲིག་བྱེད་ཡོད་པས་ཡུལ་དངོས་སུ་བྲེལ་བའི་རྣམ་པར་མངོན་ཡོད།

        ཉེ་བའི་ལོ་གཉིས་རིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོས་བདེ་ཆེན་མའོ་ལིན་ཞིང་འབྲོག་ཐོན་རྫས་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས།  གྲོང་ཚོའི་ས་ཞིང་མུའུ་680ཀུང་སི་ལ་བོགས་མར་གཏོང་སྟེ་ཞོག་ཁོག་རིགས་སྣ་འགའ་འདེབས་ཡོད་པ་རེད།  ཐོག་མའི་ཚོད་རྩིས་ལྟར་ན་མུའུ་རེར་ཆ་སྙོམས་ཐོན་ཚད་རྒྱ་མ་8000ལྷག་ཟིན་རྒྱུ།

        ཉེ་བའི་ལོ་འདི་དག་ལ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོས་ནན་ཏན་སྒོས་གྲོང་གསེབ་ཀྱི་ས་ཞིང་འཁོར་རྒྱུག་གི་སྲིད་ཇུས་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་།ཞིང་ལས་ཀྱི་ཡོང་སྒོ་འཕར་བ་དང་ཞིང་པའི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་བར་དམིགས་འབེན་དུ་བྱས་ཏེ།ས་ཞིང་གི་བདག་གཉེར་དབང་ཆ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱས་ནས་ཕན་འབྲས་ཡག་པོ་ཐོབ་པ་རེད།