སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་བཅག་པའི་གྱོད་གཞི་རྩད་ཆོད་པ།

རྩོམ་པ་པོ།   གཡང་མཚོས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2019-10-16   རྩོམ་ཁུངས།   

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྱོད་གཞི་རྩད་ཆོད་པ་དང་འགག་སྒྲོལ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་མྱུལ་ཞིབ་ལྷོད་མེད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཞིག་བདེ་བླག་ངང་འཛིན་བཟུང་བྱས་པ་དང་རྐུ་རྒྱག་གྱོད་གཞི་12རྩད་ཆོད་པ་རེད།

    ཟླ་9པ་ནས་བཟུང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གྱོད་གཞི་རྩད་ཆོད་པ་དང་འགག་སྒྲོལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཉེས་དོན་མྱུལ་ཞིབ་དང་། བདེ་འཇགས། ཁྲིམས་ལུགས་རུ་ཆེན་བཅས་ཀྱི་སྟོབས་ཤུགས་སྤྱད་དེ་རྒྱལ་ཐང་མངགས་གཏོང་ཁང་དུ་མངགས་ནས་ལས་ཀའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ་གྲོང་ཁུལ་གྱི་རྒྱུ་ནོར་ལ་བཙན་གནོད་བྱས་པའི་གྱོད་གཞི་གཅིག་སྡུད་ཐོག་མྱུལ་ཞིབ་བྱས་པ་རེད།

    མིག་སྔར་ཉེས་གསོག་དོགས་ཅན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།