མངའ་རིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-15   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན་དྲ་བ།

    བོད་ལྗོངས་མངའ་རིས་ལ་རི་བོ་ཁྲིའི་རི་རྩ་དང་ཆུ་མོ་བརྒྱའི་ཆུ་རྩ་ཞེས་གྲགས་ཤིང་། མངའ་རིས་སུ་བསྐྱོད་པ་ནི་མི་ཡུལ་གྱི་དག་ཞིང་དུ་བསྐྱོད་པ་ལྟར་ཡོད། གནས་འདིའི་ས་རྒྱ་ཆེ་ལ་གངས་རི་མུ་ཁྱུད་དུ་གནས་པ་དང་།  ནམ་མཁའ་དང་བར་ཐག་ཉེ་ཤོས་ཡིན་པས། ནམ་མཁའ་སྔོན་ཞིང་སྤྲིན་དཀར་གྱི་བང་རིམ་དམའ་བ་དང་། མཚན་མོའི་སྐར་ཚོགས་ཀྱིས་བརྒྱན་པའི་ནམ་མཁའ་མཛེས་པ་བཅས་དང་གནས་འདིའི་གནས་རི་དང་བླ་མཚོ་སོགས་ངོ་མཚར་དང་མཛེས་སྡུག་གིས་མངའ་རིས་ཀྱི་རྗེས་རབས་པ་ཚོ་གསོ་སྐྱོང་བྱས་ཡོད། སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40རིང་ལས་ལ་བརྩོན་ཞིང་བབ་ཆགས་པའི་ས་མཐོའི་བུ་ཕྲུག་གིས་སྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། སྔར་ལས་མཛེས་སྡུག་ལྡན་པའི་མངའ་རིས་འཛུགས་སྐྲུན་བྱས་ཡོད།