ནོ་པེལ་རྩོམ་རིག་བྱ་དགའ་ཁོང་གཉིས་ལ་ཐོབ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-15   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ས་གནས་དུས་ཚོད་ཟླ་10པའི་ཚེས་10ཉིན།  སི་ཝེས་དན་རྩོམ་རིག་སློབ་གླིང་གི་རྒྱུན་ལས་དྲུང་ཡིག་མ་ཚི·མར་མུའུ་ཡིས་2018ལོ་དང་2019ལོའི་ནོ་པེལ་རྩོམ་རིག་བྱ་དགའ་དེ་སོ་སོ་ཕོ་ལན་གྱི་རྩོམ་པ་པོ་Olga Tokarczukཨེར་ཅ·ཐྲོ་ཁར་ཆིས་ཁི་དང་ཨོ་སི་ཐྲི་ཡའི་རྩོམ་པ་པོ་Peter Handkeཔོའུ་ཏི·ཧན་ཏི་ཁི་གཉིས་ལ་ཐོབ་པ་ཁྱབ་བསྒྲགས་བྱས།

བུད་མེད་རྩོམ་པ་པོ་Olga Tokarczukཨེར་ཅ·ཐྲོ་ཁར་ཆིས་ཁི་ནི་སྤྱི་ལོ་1962ལོར་སྐྱེས་ཤིང་།  ཕོ་ལན་རྒྱལ་ཁབ་ཀྱི་ཚད་རིམ་མཐོ་ཤོས་ཀྱི་རྩོམ་པ་པོ་དང་ཧྭ་ཧྲ་སློབ་ཆེན་གྱི་སེམས་ཁམས་རིག་པའི་སྡེ་ཁག་ནས་སློབ་མཐར་ཕྱིན།  1987ལོར་སྙན་དེབ་《མེ་ལོང་ནང་གི་གྲོང་ཁྱེར།》ཞེས་པ་དཔར་འགྲེམ་བྱས་ཏེ་རྩོམ་རིག་གར་སྟེགས་སུ་བུད།  རྗེས་སུ་བསྟུད་མར་སྒྲུང་རིང་《དེབ་ནང་གི་མིའི་ཡུལ་སྐོར་ཟིན་ཐོ།》དང་ 《E.E.》དང་《བསྐལ་པ་ཡ་ཐོག་དང་གཞན་དག་གི་དུས་ཚོད།》དང་《ཉིན་མོའི་ཁང་པ་དང་མཚན་མོའི་ཁང་པ།》སོགས་དཔར་འགྲེམ་བྱས་ཏེ།  ཕོ་ལན་རྩོམ་རིག་གི་སྡེ་ནས་བསྟོད་བསྔགས་ཆེན་མོ་ཐོབ།  མོའི་རྩོམ་ཡིག་ནང་དུ་དམངས་ཁྲོད་ངག་རྒྱུན་དང་ལྷ་སྒྲུང་གི་བརྗོད་བྱ་འདྲེས་ཆེ་ཞིང་།  ཕོ་ལན་རྒྱལ་ཁམས་ཀྱི་ལས་དབང་གི་འཚོ་བར་ལྟ་རྟོག་གཟབ་ནན་བྱེད་བཞིན་ཡོད།  ཐེངས་གཉིས་ལ་ཕོ་ལན་གྱི་ཆེས་མཐོའི་རྩོམ་རིག་བྱ་དགའ་སོགས་ཐོབ།

    Peter Handkeཔོ་ཏི·ཧན་ཏི་ཁི་ནི་1942ལོར་སྐྱེས་ཤིང་།  ཨོ་སི་ཐྲི་ཡའི་མིང་དུ་གྲགས་པའི་སྒྲུང་གཏམ་དང་འཁྲབ་གཞུང་རྩོམ་པ་པོ་ཡིན། དེང་རབས་འཇར་མན་ཡི་གེའི་རྩོམ་ཡིག་འབྲི་མཁན་གྱི་གལ་ཆེ་མི་སྣའི་གྲས་སུ་ཚུད། ཁོང་ལ་“གསོན་དགོས་ཆོད་པའི་པོ་ཏི་”ཞེས་བསྔགས། 1972ལོར་པེའུ་ཤིས་ཎི་རྩོམ་རིག་བྱ་དགའ་དང་། 2009ལོར་ཁཱ་ཧྥི་ཁཱ་རྩོམ་རིག་བྱ་དགའ་སོགས་ཐོབ། སྒྲུང་གཏམ་བརྩམས་ཆོས་《གྲུག་སྒོ་འགོག་མཁན་གྱི་འཚུབ་ཆ།》དང་《སྦྲང་མ་སེར་པོ།》དང་《བསྐྱར་མངོན།》དང་《མི་འདོད་སྐྱོ་གླུ།》དང་། འཁྲབ་གཞུང་《གཟིགས་མོ་བར་སྤྱོ་བ།》 ཟློས་གར་《ཁཱ་སི་ཐི།》སོགས་ཡོད།