གསོན་ཤུགས་རྣམ་པར་རྒྱས་པའི་རྡོ་མཁར་རྫོང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།

    རྒྱལ་སྟོན་གུང་གསེང་མཇུག་རྫོགས་རྗེས།ལོ་ན་29སོན་པའི་བོད་རིགས་བུ་མོ་ཡེ་ཡུང་ཀྲིན་གྱིས་གུང་གསེང་རིང་མགྲོན་ཁང་གི་ཚོང་ལ་ཧ་ཅང་ཡིད་ཚིམ་ཡོད་ལ།འདུག་ཚད་ཆ་སྙོམས་བྱས་ན་བརྒྱ་ཆ་བརྒྱད་བཅུ་ཟིན་ཡོད་པ་རེད།མོའི་མགྲོན་ཁང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་སྒོ་ཆེན་གྱི་ཉེ་འགྲམ་དུ་ཡོད་པ་དང་།ད་བར་ལོ་1ལྷག་འགོར་ཡོད་པ་རེད།2016ལོར་ཡེ་ཡུང་ཀྲིན་གྱིས་ཕ་མའི་རྒྱབ་སྐྱོར་འོག་དངུལ་ཁང་ནས་ཕུད་དེ་བྱ་གཞག་གསར་གཏོད་ཀྱི་ལས་ལ་ཞུགས།པེ་ཅིན་གྱི་བུ་མོ་ཞིན་ཞིན་གྱིས་སྟེང་ལ་ཁ་རིག་གནས་བར་སྟོང་དུ་ཁ་བའི་མེ་ཏོག་ཞེས་པའི་ཚོང་ཁང་ཟླ5ཙམ་ལ་ལས་གཉེར་བྱས་ལ།ཚོང་ཡང་གཞི་རྩའི་ཐོག་སྔོན་དཔག་ལྟར་བྲིན་རྒྱུགས་བྱུང་ཡོད་ཟེར།མོས་སེམས་ཀྱི་ཉི་ཟླའི་ལྷིང་འཇགས་ལ་དགའ་ལ་རྡོ་མཁར་རྫོང་གི་འབྱུང་འགྱུར་ལའང་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད་ཅེས་བཤད་བྱུང་།

    ཐེངས་འདིའི་གུང་གསེང་རིང་།རྡོ་མཁར་རྫོང་དུ་ཡུལ་སྐོར་བ་མང་དུ་བྱིན་ཡོད།རྡོ་མཁར་རྫོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཆགས་ཡོད་པ་དང་།ཇ་རྟ་གནའ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཡིན་ཞིང་།སྣ་མང་རིག་གནས་ལ་བརྟེན་ནས་སྐད་གྲགས་ཆོད་པ་མ་ཟད། ད་དུང་“ཟླ་འོད་གྲོང་ཁྱེར”ཞེས་མཛེས་སྡུག་ལྡན་པའི་མིང་གཞན་ཞིག་ཀྱང་ཡོད་པ་རེད། 2014ལོའི་དགུན་དུས་ཀྱི་མེ་ཆེན་གྱིས་རྡོ་མཁར་རྫོང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དང་ད་ཆ་གྲོང་ཁྱེར་དེ་སླར་ཡང་གསོན་ཤུགས་རྒྱས་ཡོད།བསྐྱར་སྐྲུན་བྱས་རྗེས་ཀྱི་གནའ་གྲོང་གི་ལྟེ་བའི་ཁུལ་དུ་བསྐྱོད་པ་ན།ཁང་བའི་འཛུགས་སྐྲུན་དེ་བོད་ཀྱི་ཁྱད་ཆོས་སྔར་བཞིན་ལྡན་པར་བྱས་པ་དང་། གཙང་ཞིང་གྲལ་དག་པས་དེ་སྔའི་ཟང་ཟིང་ལ་རྣམ་པ་ཡོངས་སུ་འགྱུར་འདུགད་ལྟ་སྲང་ལམ་ཆེ་རུ་ཕྱིན་པ་དང་སྒྲིག་ཆས་ཡང་འཐུས་ཚང་དུ་སོང་ཡོད་པ་རེད།རྡོ་མཁར་རྫོང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཅན་ཅུན་གྱིས་2002ལོ་ནས་བཟུང་འདིར་ལས་གནས་སུ་ཞུགས་པ་དང་།2002ལོར་དོ་དམ་ཨུ་ལྷན་ཐོག་མ་བཙུགས་པའི་སྐབས་སུ་མི་4ལས་མེད།གནའ་གྲོང་གི་གསར་སྤེལ་དེ་ཐོག་མཐའ་བར་གསུམ་དུ་ཉམས་གསོ་གསབ་བཅོས་བྱས་པས།བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་བའི་ཡུལ་སྐོར་གྱི་རྗེས་སུ་སྙེག་མི་ཐུབ་པ་རེད།2014ལོ་ནི་རྡོ་མཁར་རྫོང་ཆེས་འདུ་འཛི་ཆེ་བའི་ལོ་ཞིག་ཡིན་པ་རེད།སླར་གསོ་བསྐྱར་སྐྲུན་བྱས་པ་དེས་རྡོ་མཁར་རྫོང་དེ་ཉམས་གསོ་གསབ་བཅོས་ནས་གྲ་སྒྲིག་ལེགས་སྒྲིག་བར་དངོས་སུ་སླེབས་པ་རེད།བསྐྱར་སྐྲུན་བྱས་པའི་རྡོ་མཁར་རྫོང་དེ་ཕྱོགས་གཉིས་ཀྱི་ཐད་ནས་རྣམ་པ་གསར་བ་བྱུང་ཡོད་དེ།རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་ནས་མེ་ཟོན་མདོང་ལམ་ས་འོག་ཏུ་སྨི་གཉིས་གསུམ་ཙམ་སྦས་ནས་འཁྱགས་སའི་བང་རིམ་ལས་གཡོལ་བ།དོ་དམ་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་གནའ་གྲོང་གི་མེ་ཟོན་དང་། ཁྲིམས་འཛིན་བཀོད་སྒྲིག་ཆ་ཚང་བ། དོ་དམ་ཨུ་ལྷན་གྱི་ཁོངས་མི་དེ་མི18་དུ་འཕར་ཡོད་པ་རེད།འོན་ཀྱང་ཡུལ་སྐོར་བ་དེ་འདྲ་མང་པོ་མེད་པ་རེད།ཡུས་ཅན་ཅིན་གྱིས་བསམ་ན་རྒྱུ་རྐྱེན་གཙོ་བོ་གཅིག་ནས་ས་ཁུལ་གཞན་གྱི་ཡུལ་སྐོར་བས་རྡོ་མཁར་རྫོང་དེ་བསྲེགས་ཟིན་པས་འདིར་ཡུལ་སྐོར་དུ་ཡོང་དགོས་དོན་མེད་བསམ་པ་རེད།ཕྱོགས་གཉིས་ནི་རྡོ་མཁར་རྫོང་གི་ཡུལ་སྐོར་ཐོན་རྫས་བློ་ལ་མི་འབབ་པས་ད་དུང་མུ་མཐུད་དུ་གསར་གཏོད་བྱེད་དགོས།གསུམ་ནི་ཡུན་ནན་གྱིས་རིན་གོང་དམའ་བའི་ཡུལ་སྐོརལེགས་བཅོས་བྱེད་པ་སོགས་ཟང་ཟིང་གི་ཁྲོམ་རས་འཁྱེར་ཡོང་བའི་ངན་ཤུགས་སོགས་རེད་བསམ།

    རྡོ་མཁར་རྫོང་འདི་ཉིད་དེ་སྔོན་ལྟར་གསོན་ཤུགས་རྒྱས་པའི་ཆེད་དུ།བདེ་ཆེན་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཀྲིན་རུང་གིས་ངོ་སྤྲོད་བྱས་པ་ལྟར་ན་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་སྐུལ་འདེད་ནུས་ཤུགས་མུ་མཐུད་དུ་ཤུགས་བསྣན་བཞིན་ཡོད།ན་ནིང་གཟའ་འཁོར་གཅིག་གི་རིང་ལ་རྒྱལ་ཡོངས་སུ་བྱ་འགུལ་ཐེངས་5སྤེལ་བ་དང་།གནའ་གྲོང་དོ་དམ་ཨུ་ལྷན་དང་ཚོང་ཚོགས་ཀྱིས་གྲོས་མོལ་ལམ་སྲོལ་བཙུགས་ནས་དོ་དམ་གྱི་ཞིབ་ཕྲའི་གནས་ཚུལ་ལེགས་སུ་བཏང་སྟེ་ཡུལ་སྐོར་བར་ཞབས་འདེགས་ཞུས་པ་རེད།སེམས་ཀྱི་ཉི་ཟླར་གཞི་ཚུགས་ནས་ཡུལ་སྐོར་ལས་རིགས་གཉེར་ནས་ལོ་20ལྷག་ཙམ་སོང་བའི་གྲགས་པ་དགེ་ལྡན་གྱིས་སྲིད་གཞུང་གིས་ས་གནས་དེ་གའི་ཞིང་དུད་ལ་སྐུལ་ལྕག་བཏང་ནས་སྔར་བས་མང་བའི་མི་གནའ་གྲོང་དུ་ཚོང་རྒྱག་ཆོག་ཅེས་གྲོས་འགོ་བཏོན་པ་རེད།

    ཕ་ཡུལ་སི་ཁྲོན་ཙི་ཀུང་ནས་ཡིན་པ་ལིའུ་ཧྥེང་གིས་རྡོ་མཁར་རྫོང་དུ་ཆང་ཁང་ཞིག་ཕྱེས་ཡོད་པ་དང་།2014ལོའི་མེ་སྐྱོན་གྱིས་ཁོང་གི་ཆང་ཁང་དེ་ཡོངས་སུ་མེ་བསྲེགས།ཁོང་གིས་དེ་སྔོན་སེམས་སྡུག་གི་གནས་འདི་ནས་ཁ་བྲལ་བར་འདོད་མོད།འོན་ཀྱང་རྡོ་མཁར་རྫོང་ལས་ལས་དོར་མི་ཐུབ་པས་ཡང་བསྐྱར་ལས་གཏོད་ཀྱི་ལམ་དུ་ཞུགས་པ་རེད།ཁོང་གིས་མི་རྣམས་ལ་བཤད་འདོད་པ་ནི་དེ་སྔོན་གྱི་རྡོ་མཁར་རྫོང་དེ་ཡང་བསྐྱར་གསོན་ཤུགས་རྒྱས་ཡོད་པས།གྲོགས་པོ་དག་འདིར་ཕེབས་པར་དགའ་བསུ་ཞུ་ཞེས་བཤད་པ་རེད།