ལོ་རེར་ཐེངས་རེའི་མྱི་ཟུར་གྱི་རི་སྐྱབས་རྟ་རྒྱུག་ལྟད་མོ་ཆེ།

རྩོམ་པ་པོ།   པད་མ་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2019-10-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས13ཉིན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོ་ནས་ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་རི་སྐྱབས་རྟ་རྒྱུག་གི་དམངས་སྲོལ་རིག་གནས་བྱེད་སྒོ་བསྡུས་པ་རེད།

        གཞི་བདག་བཀྲ་ཤིས་ཞལ་དཀར་ཞབས་ལ་གསོལ་བ་འདེབས་པ།

        བསང་བརྒྱ་གཏོང་བ།

        ལྷ་བསང་མཆོད་པ།

        ལབ་རྩེ་སྐྱེལ་བ།

        མྱི་ཟུར་གྲོང་ཚོའི་གཉའ་གྲོང་དང་བར་གྲོང་།   ཐང་འབྲོག ཕ་ལག་སོགས་རང་བྱུང་གྲོང་ཚོ་བཞིའི་བོད་རིགས་མང་ཚོགས་དག་གིས་ལུས་ལ་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་གཞི་བདག་ཞལ་དཀར་གྱི་ཉེ་འདབས་སུ་འཛོམས་ཏེ་བསང་གཏོང་བ་དང་།  གསོལ་སྟོན་བཤམས་པ། རྟ་རྒྱུག་པ། སྐོར་བྲོ་འཁྲབ་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་ཡོད་པ་རེད།

        རྟ་རྒྱུག་གཏོང་པ།

        སྨོན་ལམ་འདེབས་པ།

        གསོལ་སྟོན་བཤམས་པ།

སྐོར་བྲོ་འཁྲབ་བཞིན་པ།

        མཛད་སྒོ་འདི་ལ་ཚམས་པས་གཙོ་སྐྱོང་གནང་བ་དང་། ལོ་ལེགས་ཐོན་པར་རྟེན་འབྲེལ་ཞུ་བ་རེད།