རྒྱལ་སྟོན་གུང་གསེང་སྐབས་སུ་གུས་པ་འོས་པའི་མི་འདི་དག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རྒྱལ་སྟོན་ནི་རྒྱལ་ཁབ་ཡོངས་སུ་དགའ་སྟོན་རྟེན་འབྲེལ་བྱེད་པའི་དུས་ཡིན་ལ། སྤྱི་བཏང་དུ་གུང་གསེང་ཉིན་བདུན་ཡོད་མོད།  འོན་ཀྱང་ང་ཚོའི་འགྲམ་དུ་གུང་གསེང་སྐབས་སུའང་གཞན་ལ་ཞབས་ཞུ་བྱེད་པའི་ཆེད་དུ་ངལ་མི་གསོ་བར་ལས་ལ་རེས་ཡོད་པའི་མི་འགའ་འདུག

        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟག་མཆོང་གྲོག་རོང་ལམ་མཚམས་ཀྱི་འབྲི་ཆུའི་ཟམ་ཆེན་བཟོ་པའི་ལས་ཡུལ་དུ། བཟོ་པ་རྣམས་ཀྱིས་གུང་གསེང་སྐབས་སུ་ངལ་གསོ་མེད་པ་དང་ལས་ཡུལ་དུ་བྲེལ་འཚུབ་ངང་ལས་ཤ་བྱེད་བཞིན་འདུག

        མི་དམངས་མང་ཚོགས་ལ་དགའ་སྤྲོ་དང་བདེ་འཇགས། འཆམ་མཐན་གྱི་དུས་ཆེན་གཏོང་དུ་བཅུག་པའི་ཆེད་དུ། བདེ་ཆེན་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པ་དག་གིས་དུས་ཚོད་24རུ་ལས་གནས་སུ་གནས་པ་དང་། འགལ་བ་དང་རྩོད་གཞི་འདུམ་གཅོད་བྱེད་པ་དང་བདེ་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བྱེད་པ་སོགས་ཀྱི་ལས་ཀ་ཁག་སྒྲུབ་ཡོད་པ་རེད།

        མང་ཚོགས་ཀྱི་གུང་གསེང་སྐབས་སུ་རྒྱུན་ལྡན་ལྟར་ནད་བརྟག་ཐུབ་པར་ཁག་ཐེག་བྱེད་པའི་ཆེད་དུ།  བདེ་ཆེན་ཁུལ་མི་དམངས་སྨན་ཁང་གིས་ལས་རེས་བྱེད་ཤུགས་ཆེར་གཏོང་བ་དང་། འཕྲལ་བཅོས་དང་ནད་ཁང་ལ་དོ་དམ་བྱེད་ཤུགས་ཆེར་གཏོང་བ། སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་ཁག་འགན་ལེན་བྱེད་ཐུབ་པའི་ལམ་ལུགས་ལག་བསྟར་བྱེད་པ་སོགས་བྱས་ནས་ནད་པ་ཚོའི་སྨན་པ་བསྟེན་པའི་དགོས་མཁོ་སྐོང་བ་རེད།