བདེ་ཆེན་སེམས་ཀྱི་ཉི་ཟླའི་སྟོན་ཟླ་བཅུ་པའི་རྟ་རྒྱུག་སྐབས་དང་པོ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་3ཉིན་གྱི་སྔ་དྲོར། བདེ་ཆེན་ཁུལ་རྟ་རྩལ་མཐུན་ཚོགས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་ལ་རྟེན་འབྲེལ་ཞུ་པའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་སྟོན་ཟླ་བཅུ་པའི་རྟ་རྒྱུག་དེ་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་པ་དང་། ཐེངས་འདིའི་འགྲན་བསྡུར་དུ་བདེ་ཆེན་ཁུལ་ནང་ཁོངས་དང་ས་དམ། འདབ་པ་སོགས་ས་ཁུལ་ནས་ཡོང་བའི་རུ་ཁག་12ཞུགས་ཡོད་པ་རེད།

        འགོ་ཚུགས་མཛད་སྒོའི་ཐོག   རྟ་པ་ཚོས་ཐང་གི་ཁ་བཏགས་ལེན་པ་སོགས་ཀྱི་རྟ་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་དགའ་འབོད་ཡང་ཡང་ཐོབ་པ་རེད།

        ཤེས་རྟོགས་བྱུང་དོན།  ཐེངས་འདིའི་རྟ་རྒྱུག་ནི་དུས་ཡུན་ཉིན་3སྤེལ་རྒྱུ་ཡིན་པ་དང་།  གཙོ་བོར་རྟ་འགྲོས་འགྲན་བསྡུར་དང་གོམ་པའི་འགྲན་བསྡུར། ཐང་གི་ཁ་བཏགས་ལེན་པ་སོགས་ཀྱི་ནང་དོན་ཡོད་པ་རེད།