རྒྱལ་སྟོན་གུང་གསེང་གི་ཉིན་ཐོག་མར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་འདུ་འཛི་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྟོན་ཟླ་བཅུ་བའི་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་སྟོན་མདངས་རྣམ་པར་ཤར་ཡོད་དེ།གང་ས་གང་དུ་ཚོན་མདངས་རྣམ་པར་བཀྲ་བས།སྒྱུ་རྩལ་གྱི་ཞིང་ཁམས་ཞིག་ཏུ་སླེབས་པ་དང་གཉིས་སུ་མེད་པས།ཡུལ་སྐོར་བས་ཡིད་དབང་རབ་ཏུ་འཕྲོག་པར་བྱས།

    ཟླ་བཅུ་བའི་ཚེས་གཅིག་གི་ཉིན་འདིར།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་སྟོན་གུང་གསེང་རིང་གི་ཡུལ་སྐོར་བ་ཁག་དང་པོ་སྣེ་ལེན་བྱས་པ་རེད།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ལས་བྱེད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན།ད་ལོའི་རྒྱལ་སྟོན་གུང་གསེང་རིང་ཉིན་དེར་སྣེ་ལེན་བྱས་པའི་ཡུལ་སྐོར་བའི་མི་གྲངས་ནི་ན་ནིང་དུས་མཚུངས་ལས་འཕར་ཡོད་ཟེར།   པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་2019ལོའི་རྒྱལ་སྟོན་གུང་གསེང་རིང་གི་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་ལས་དོན་གྱི་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་།གུང་གསེང་རིང་གི་ཡུལ་སྐོར་སྣེ་ལེན་ལས་དོན་གྱི་ཆུ་ཚད་དང་སྤུས་ཚད་མཐོ་རུ་བཏང་ནས་ལས་དོན་ཁག་ལ་འགན་ལེན་བྱེད་ཆེད།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་སྣེ་ལེན་སྔོན་ཇུས་བཟོས་པ་དང་འབྲེལ་སྔོན་ཇུས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་མི་སྣའི་སྟོབས་ཤུགས་སྙོམས་སྒྲིག་བྱས་ཏེ། རླངས་འཁོར་དང་ཡུལ་སྐོར་བ་གྲོང་རྡལ་ནས་འགྲོ་འོང་བྱེད་པའི་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱས་ནས།མགྲོན་པའི་བཞུར་ཚད་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་ལེན་བྱས་པ་རེད།