སྨོན་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-02   རྩོམ་ཁུངས།   


ཚིག   འབའ་ཁུ་ལོ།

ལེན་མཁན།འབུམ་མཚོ་སྐྱིད།

དྲི་མེད་ཁ་གཏགས་དཀར་པོ།

རི་མོ་བཀྲ་ཤིས་རྟགས་བརྒྱད།

ལྷ་དར་གཙང་བཞེས་གནོངས་དང་།

ཡིད་ཀྱི་སྨོན་འདུན་བཏེགས་ཡོད།

དཀར་ཡོལ་འབྲུག་མའི་ནང་ལ།

བདུད་རྩི་སིལ་མ་ལྟེམས་ཡོད།

མཆོད་ཆང་གཙང་བཞེས་གནོངས་དང་།

ཝུ་བས་འཛུམ་དཀར་ངོམ་ཡོད།

ལྷན་འཛོམས་དཔྱིད་ཀྱི་ཉིན་ལ།

ཕ་མ་སྤུན་མཆེད་འཛོམས་ཡོད།

ཚེ་རིང་གནམ་གྱིས་སྲུང་བའི།

སྨོན་ལམ་སྙིང་ནས་ཞུས་ཡོད།

ལྷན་འཛོམས་དཔྱིད་ཀྱི་ཉིན་ལ།

ཕ་མ་སྤུན་མཆེད་འཛོམས་ཡོད།

ཚེ་རིང་གནམ་གྱིས་སྲུང་བའི།

སྨོན་ལམ་སྙིང་ནས་ཞུས་ཡོད།

མི་འདི་བོད་ཀྱི་རྒྱུད་ལ།

གླུ་འདི་དྲི་ཟའི་རོལ་མོ།

སྙན་པ་སེམས་ཀྱིས་བཞེས་དང་།

ཡིད་ཀྱི་གདུང་པ་སེལ་ཡོང་།

ལྷན་འཛོམས་དཔྱིད་ཀྱི་ཉིན་ལ།

གཞོན་པ་ང་ཚོ་འཛོམས་ཡོད།

ལས་བསྐལ་གསེར་གྱི་ཉི་མ།

རང་རང་སེམས་ལ་ཤར་ཡོད།

སེམས་དང་སེམས་པའི་བར་ལ།

དགའ་བའི་གཞས་ཆུང་འཁྱིལ་ཡོད།

གཞས་འདི་ཡང་ཡང་བཏང་ནས།

བསམ་དོན་འགྲུབ་པར་བྱས་ཡོད།

སེམས་དང་སེམས་པའི་བར་ལ།

དགའ་བའི་གཞས་ཆུང་འཁྱིལ་ཡོད།

གཞས་འདི་ཡང་ཡང་བཏང་ནས།

བསམ་དོན་འགྲུབ་པར་བྱས་ཡོད།