དེ་རིང་བདེ་ཆེན་ནས་རྒྱལ་སྟོན་དུས་ཆེན་འདི་ལྟར་རོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-10-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་1ཉིན། བདེ་ཆེན་ཁུལ་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། གྲྭ་བ་སོགས་ཀྱིས་བྱེད་ཐབས་སྣ་མང་བརྒྱུད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བ་དང་། ཚང་མས་རླབས་ཆེན་གྱི་མེས་རྒྱལ་དང་རླབས་ཆེན་གྱི་ཏང་།  རླབས་ཆེན་གྱི་མི་དམངས་ཀྱིས་ང་ཚོར་དུས་རབས་གསར་པར་སྐྱེས་པ་དང་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་དུ་བཅུག་པ་ལ་བཀའ་དྲིན་ཆེ་ཞུ་དགོས་ཞེས་སྟོན།

  ཁུལ་ཨུའི་འབྲེལ་ཡོད་ལས་རེས་མི་སྣ་དག་གིས་ཁུལ་ཨུའི་ཚོགས་འདུ་ཁང་12པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བཞིན་པ།

        བདེ་ཆེན་ཁུལ་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པ་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བཞིན་པ།

        དྲག་ཆས་ཉེན་རྟོག་ཡུན་ནན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་འཕྲུལ་སྒུལ་ཡན་ལག་རུ་ཁག་གཉིས་པས་རྒྱལ་དར་བསྒྲེངས་པའི་བྱེད་སྒོ་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་ལ་རྟེན་འབྲེལ་ཞུས་པ་དང་།   དམག་གྲབས་ལས་སྒྲུབ་བྱེད་ཡོད་པའི་དཔོན་དམག་མ་གཏོགས་ཀྱི་དམག་མི་རྩ་འཛུགས་བྱས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བ་རེད།

ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་གིས་རྒྱལ་དར་བསྒྲེངས་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བཞིན་པ།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར།

        ཟླ10པའི་ཚེས1ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟླ་འོད་ཐང་ཆེན་དུ་འདུ་འཛི་རབ་ཏུ་ཆེ། ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་དགའ་ལྡན་སུམ་རྩེན་གླིང་དགོན་པའི་གྲྭ་བའི་འཐུས་ཚབ། དེ་མིན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོས་མཛེས་སྡུག་རྣམ་པར་བཀྲ་བའི་མི་རིགས་ཀྱི་གཟབ་ཆས་སྤྲས་ནས། རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་མཉམ་དུ་དམག་གཟིགས་མཛད་སྒོ་འགོ་ཚུགས་པར་བསྒུགས་ནས་བསྡད་ཅིང་། ཁོང་ཚོས་རང་ཉིད་ཀྱི་བྱེད་སྟངས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུས་ཏེ། ས་མཐོའི་བུ་ཕྲུག་གིས་མེས་རྒྱལ་གྱི་སྐྱེས་སྐར་ལ་སྨོན་འདུན་ཟབ་མོ་ཞུས་པ་རེད།རང་ཁུལ་གྱི་ལས་ཁུངས་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་མང་པོ་ཞིག་གིས་ཀྱང་རང་འགུལ་ངང་ཟླ་འོད་ཐང་ཆེན་དུ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་བལྟས་པ་རེད།

        ཟླ10པའི་ཚེས1ཉིན། རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་གྱིས་རྒྱ་ཆེ་བའི་ཏང་ཡོན་མང་ཚོགས་རྩ་འཛུགས་བྱས་ཏེ་སྡེ་ཁུལ་བྱ་འགུལ་ལྟེ་གནས་སུ་རྒྱལ་དར་བསྒྲེངས་བའི་མཛད་སྒོ་བསྡུས་པ་རེད། མི་རྣམས་ཀྱི་ལུས་ལ་གཟབ་ཆས་སྤྲས་ནས་རྒྱལ་དར་བསྒྲེངས་བ་དང་། མི་རིགས་ཁག་གི་ཏང་ཡོན་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ཉིན་མོ་གལ་ཆེན་འདི་ལྟ་བུའི་ནང་སྒོ་འགྲམ་དུ་རྒྱལ་དར་བསྒྲེངས་བའི་བྱེད་སྒོར་ཞུགས་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་དང་། རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ་མཐོང་སྐབས་དགའ་སྤྲོ་ཚད་མེད་སྐྱེ། ད་ལྟའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཆེད་དུ་འབད་འཐབ་ཧུར་ཐག་བྱེད་སྲིད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

        ཟླ10པའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད10པའི་ཐོག པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་འདུ་འཛི་ཧ་ཅང་ཆེ་སྟེ།ཡུལ་སྐོར་བ་རྣམས་ཀྱིས་ལག་ཁྱེར་ཁ་པར་ཁ་ཕྱེ་ནས་སྒུལ་བདེའི་དྲ་རྒྱ་སྤྱད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་བལྟས་པ་དང་།མེས་རྒྱལ་གྱི་ལོ་ངོ་70རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གིས་ཚང་མར་ང་རྒྱལ་དང་སྤོབས་པ་སྐྱེ་རུ་འཇུག་པ་རེད།

        ཟླ10པའི་ཚེས1ཉིན་གྱི་སྔ་དྲོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོའི་ཏ་ལ་གྲོང་སྡེའི་གནས་སྤོས་ཡུལ་མིའི་ཏང་ཡོན་དང་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་བལྟས་ནས། མེས་རྒྱལ་གྱི་ལོ་ངོ70ཡི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས་པ་རེད།

        འབའ་ལུང་རྫོང་།

        ཟླ་10པའི་ཚེས་1ཉིན་གྱི་ཞོགས་པར། འབའ་ལུང་རྫོང་གིས་ལས་བྱེད་པ་མི་600ལྷག་རྩ་འཛུགས་བྱས་ནས་རྒྱལ་དར་བསྒྲེངས་བ་དང་། རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་དག་གིས་བྱེད་ཐབས་སྣ་མང་བརྒྱུད་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བ། ཚོགས་ཆེན་གྱི་ཐད་གཏོང་བལྟས་རྗེས་ཚང་མས་མེས་རྒྱལ་གྱི་སྟོབས་ལྡན་ལ་ང་རྒྱལ་དང་སྤོབས་པ་རབ་ཏུ་སྐྱེས་པར་སྟོན།

        འབའ་ལུང་རྫོང་ཀྲུང་ལུའུ་ཤང་ལ་ཀ་ལའོ་གྲོང་སྡེའི་ཏང་ཡོན་དང་མང་ཚོགས་དག་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བ་མ་ཟད། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།  ཏང་ཡོན་ཡུས་ཀོང་ལུང་གིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཉི་འོད་བཞིན་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ལ་ཕོག་ཡོད།མ་ཡུམ་མེས་རྒྱལ་གྱི་སྐྱེས་སྐར་སླེབས་སྐབས་རྟེན་འབྲེལ་ཡང་ཡང་ཞུ་བ་དང་། ལི་སུའུ་རིགས་ཀྱི་མི་དམངས་དག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཁྲོད་དབུལ་ཕོངས་ཞྭ་མོ་ཕུད་པ་དང་ཕྱུག་པོའི་ལམ་དུ་བསྐྱོད་པར་འབད་རྒྱུ་ཡིན་ཞེས་ཟེར།

        འཇོལ་རྫོང་། 

        ཟླ་10པའི་ཚེས་1ཉིན་གྱི་ཞོགས་པར།  སྨན་རིའི་འདབས་སུ་བོད་རིགས་མང་ཚོགས་དག་གིས་དུས་ཆེན་གྱི་གཟབ་ཆས་སྤྲས་ཏེ་དགོན་པ་སྟེང་གི་ལྗོངས་ལྟ་སྟེབས་བུའི་ཐོག་འཛོམས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ།མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་ལྟ་བ་དང་།  མང་ཚོགས་དག་གིས་ལག་ཏུ་རྒྱལ་དར་ཆུང་ཆུང་བཟུང་བ་དང་ངོ་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ཡོད།

       གཡག་རྭ་མངགས་གཏོང་ཁང་གིས་ཟླ་10པའི་ཚེས་1ཉིན་གྱི་ཞོགས་པར་རྒྱལ་དར་བསྒྲེངས་ཏེ། ཡུལ་དངོས་སུ་མི་དམངས་ཉེན་རྟོག་པ་7དང་མང་ཚོགས་ཀྱི་འཐུས་མི་70ཡིས་རྒྱལ་དར་ལ་ཕྱོགས་ནས་ཀྲོང་ངེར་ལངས་པ་དང་རྒྱལ་གླུ་ལེན་པ་རེད།རྒྱལ་དར་དལ་བུར་བསྒྲེངས་པ་དང་བསྟུན་ནས་མེས་རྒྱལ་དེ་བས་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པར་སྨོན་འདུན་ཞུ།དེའི་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་དམག་གཟིགས་མཛད་སྒོ། མང་ཚོགས་ཀྱི་ཁྲོམ་སྐོར་བཅས་ཀྱི་ཐད་གཏོང་ལ་བལྟས་པ་རེད།