བདེ་ཆེན་མི་དམངས་ཀྱིས་འདི་ལྟར་རྒྱལ་སྟོན་དུས་ཆེན་བསུ་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་9ཚེས་29ཉིན་གྱི་དགོང་མོ་མི་ཚོགས་ཀྱིས་གང་བའི་བདེ་ཆེན་ཁུལ་མི་རིགས་རིག་གནས་ཐང་ཆེན་དགའ་སྤྲོའི་སྣང་བས་ཁེངས་ཡོད་ལ། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གཉེར་འགན་འཁུར་བའི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་བདེ་ཆེན་ཁུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེ་མོར་གཉེར་བ་རེད། 


        ཁུལ་ཨུའི་ཧྲུའུ་ཅི་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་དང་།ཞིང་ཨུའི་མཛུབ་ཁྲིད་ཚོགས་ཆུང་15པའི་ཙུའུ་ཀྲང་ཐང་པིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཏུའུ་ཡུང་ཁྲུན།དེ་བཞིན་ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་ལས་རིགས་ཁག་གི་འཐུས་མི།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་དགོང་ཚོགས་ལ་གཟིགས་ནས་ཐུན་མོང་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུས་པ་རེད། 

        ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གསར་འབྱེད་གསར་གཏོད་དང་དཔལ་འབྱོར་གྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་།རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་ལ།སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་།མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་།སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་། ཏང་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཡར་རྒྱས་བཅས་བྱུང་བ།ཁུལ་ཡོངས་ཀྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བ་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།བདེ་ཆེན་གྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་བརྟན་པོ་དང་།ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡག་པ། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཐག་རིང་དུ་འགྲོ་བ་བཅས་བྱུང་ཡོད། 


        ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་དགོང་ཚོགས་འཇུག་སྒྲིལ་རྗེས་ས་གནས་ཀྱི་རིགས་སོ་སོའི་དམངས་ཁྲོད་སྒྱུ་རྩལ་བ་རྣམས་བདེ་ཆེན་ཟློས་གར་ཁང་མདུན་གྱི་མི་རིགས་རིག་གནས་ཐང་ཆེན་གྱི་དུ་འཛོམས་ཤིང་། ཕན་ཚུན་ལག་རྡང་སྦྲེལ་དེ་སྐོར་བྲོ་ལྡིང་ཞིང་མེས་རྒྱལ་གྱི་སྐྱེས་སྐར་བསུས་པ་རེད།  ☟☟☟