རི་མོ་བ་གྲགས་ཅན་ལིན་ཡའོ་ཡི་འབྲོག་ཁྱི་བརྗོད་དོན་གཙོ་བོ་བྱས་པའི་སྣུམ་ཚོན་རི་མོའི་སྐོར་སྐྱོད་འགྲེམ་སྟོན་སེམས་ཀྱི་ཉི་ཟླ་ནས་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

འབྲོག་ཁྱི་ནི་མདོ་དབུས་ས་མཐོའི་བོད་རིགས་མང་ཚོགས་དང་ལྷག་པར་དུ་འབྲོག་པ་མང་ཚོགས་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཡིན་ལ། འབྲོག་པའི་རིག་གནས་ཁྲོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན།   སྤྱི་ཟླ་9བའི་ཚེས་28ཉིན་གྱི་ཕྱི་དྲོར། རྒྱའི་སྣུམ་ཚོན་རི་མོ་བ་གྲགས་ཅན་ལིན་ཡའོ་ཡི་བསླར་མཇལ་གྱི་སེམས་ཀྱི་ཉི་ཟླ་ཞེས་པའི་འབྲོག་ཁྱི་བརྗོད་དོན་གཙོ་བོ་བྱས་པའི་སྣུམ་ཚོན་རི་མོའི་སྐོར་སྐྱོད་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོ་ནས་སྤེལ་བ་རེད། 


འགོ་ཚུགས་མཛད་སྒོའི་ཡུལ་དངོས།

ལིན་ཡའོ་ཡིས་མཛད་སྒོའི་སྟེང་གཏམ་བཤས་གནང་བཞིན་པ།

     འགོ་ཚུགས་མཛད་སྒོའི་སྟེང་ལིན་ཡའོ་ཡི་འབྲོག་ཁྱི་དང་འབྲེལ་བ་ཡོད་པའི་སྣུམ་ཚོན་རི་མོ་20ཡས་མས་ཤིག་མ་གཏོགས་འགྲེམ་སྟོན་བྱས་མེད་མོད། འོན་ཀྱང་རི་མོ་འདི་དག་ནི་ཁོའི་བརྩམས་མང་བོ་ལས་ཅུང་མཚོན་དོན་ལྡན་པ་དང་བྲིས་པ་ཡག་གྲས་དག་ཡིན་འདུག་པས། མཛད་སྒོའི་སྟེང་གདན་འདྲེན་བྱས་ཡོད་པའི་སྐུ་མགྲོན་དང་ལྟ་སྐོར་ལ་ཡོང་བའི་མི་མང་བོའི་ཡིད་དབང་འཕྲོག 

ལིན་ཡའོ་ཡི་གཅེས་ཁྱི་ཞི་པ་ཝང་།

     མཛད་སྒོའི་སྟེང་ལིན་ཡའོ་ཡིས་1986ལོར་ང་རང་ཐེངས་དང་པོར་མདོ་དབུས་མཐོ་སྒང་དུ་སྣུམ་ཚོན་རི་མོའི་རྒྱུ་ཆ་འཚོལ་བསྡུ་བྱེད་དུ་ཡོང་བ་ཡིན་ལ།སྐབས་དེར་མིག་མདུན་གྱི་བརྗིད་ཉམས་ལྡན་པའི་གངས་རི་དང་མུ་མཐའ་མེད་པའི་རྩྭ་ཐང་བཅས་ཀྱིས་ངའི་ཡིད་དབང་འཕྲོག་པས། དེ་ནས་བཟུང་ངའི་གསར་རྩོམ་གྱི་བརྗོད་དོན་ཚང་མ་ས་མཐོའི་མི་ཆོས་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་ལ། ལྷག་པར་དུ་འབྲོག་ཁྱིའི་གཏུམ་དྲག་གི་ཕྱི་ཚུལ་དང་། བདག་པོར་བློ་དཀར་འགྱུར་མེད་ཀྱི་གཤིས་ཀས་ང་སེམས་འགུལ་ཆེན་པོ་ཐེབས་པས།  2003ལོ་ནས་བཟུང་འབྲོག་ཁྱི་གཙོ་བྱས་པའི་མཐོ་སྒང་གི་མི་ཆོས་རིག་གནས་ངའི་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོ་གྱུར་ཞེས་བཤད། མཛད་སྒོའི་སྟེང་ཁོས་ད་དུང་རང་ཉིད་དང་ལོ་ངོ་བཅུ་བཞིའི་རིང་མཉམ་བཟའ་མཉམ་འདུག་བྱས་པའི་འབྲོག་ཁྱི་ཞི་པ་ཝང་དང་ད་ལྟ་ཁྱིམ་ན་ཡོད་པའི་འབྲོག་ཁྱི་ཧེ་པོ་སོགས་ཀྱི་གཏམ་རྒྱུད་མང་བོ་བཤད་པས་ལྟད་མོ་བ་མང་བོ་སེམས་འགུལ་ཐེབས་པ་རེད། 

ལིན་ཡའོ་ཡི་གཅེས་ཁྱི་ཧེ་པོ།


ལིན་ཡའོ་ཡི་བརྩམས་ཚོས་དང་ལྟ་སྐོར་བ།

     རྒྱུས་ལོན་བྱུང་བ་ལྟར་ན། ལིན་ཡའོ་ཡི་རི་མོའི་བརྩམས་ཆོས་ད་སྔ་འཛམ་གླིང་གི་རྩེར་སོན་མཛེས་རྩལ་ཁང་ཧྥ་རན་སེའི་ལུའུ་ཕུའུ་ཕོ་བྲང་དང་། ཕ་རི་སིའི་གོང་མའི་ཕོ་བྲང་ཆེན་མོ། ཨུ་རུ་སུའི་ལེ་པིན་མཛེས་རྩལ་སློབ་གླིང་གི་ཚན་ཞིབ་རྟེན་རྫས་བཤམས་མཛོད་ཁང་བཅས་སུ་འགྲེམས་སྟོན་བྱེད་མྱོང་ལ། དེ་སྔོན་བོད་ཁུལ་གྱི་ལྷ་ས་དང་སི་ཁྲོན་ཁྲེང་ཏུའུ་སོགས་སུ་སྐོར་སྐྱོད་འགྲེམ་སྟོན་བྱས་པ་རེད།