གོ་ལའི་ལྕམ་མོ་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་གྱི་རྟིང་རྩོད་འགྲན་བསྡུར་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-27   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

    

    ཉེ་ལམ། རྒྱལ་སྤྱིའི་མནའ་འབྲེལ་གོ་ལའི་ལྕམ་མོ་ཡིས་གཙོ་སྒྲུབ་དང་། སྐབས23པའི་གོ་ལའི་ལྕམ་མོ"ཅིན་ཏིང་བུམ་པའི"བོད་ལྗོངས་འགྲན་ཁུལ་སྤྱིའི་རྟིང་རྩོད་འགྲན་བསྡུར་དེ་ལྷ་སར་མཇུག་སྒྲིལ།

   གོ་ལའི་ལྕམ་མོ་ནི་གོ་ལ་ཧྲིལ་བོའི་ཕུལ་བྱུང་སྐྱེས་མའི་འགྲན་བསྡུར་ཞིག་ཡིན་ལ། འགྲན་བསྡུར་འདི་བཙུགས་ནས་ལོ་ངོ23སོང་ལ། "ཞི་བདེ་དང་། མཛེས་སྡུག ཤེས་རབ། བྱམས་སེམས། རྒྱལ་ཁའི"ཕུལ་བྱུང་སྐྱེས་མ་རྣམས་ལ་བསྐྲུན་པའི་རྒྱ་ཆེར་སྟེགས་བུ་ཞིག་ཡིན་ཞིང་། གཉེན་སྡེབ་ཟིན་པའི་སྐྱེས་མ་རྣམས་ལ་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དང་། བདེ་སྐྱིད་ལྡན་པའི་སྐྱེས་མ་ཞིག་བྱེད་པར་སྐུལ་བ་ཡིན།

    རྒྱལ་སྤྱིའི་འགྲན་བསྡུར་ཞིག་ཡིན་པའི་ཆ་ནས། ཐོག་དང་པོར་བོད་ལྗོངས་ལ་སྐྱོད་པ་ཡིན། དགོང་མོ་དེར། བསྡོམས་པས་འགྲན་ཞུགས་པ15གར་སྟེགས་སུ་བུད་དེ་བོད་ཀྱི་ཤོམ་འགྲོ་དང་། རྒྱན་གོས་འཁྲབ་སྟོན། ནུས་རྩལ་འཁྲབ་སྟོན་བཅས་བྱས་ཏེ་དུས་རབས་གསར་བ་དང་བོད་ལྗོངས་ཀྱི་སྐྱེས་མའི་སྣང་བརྙན་ངོམ་ལ། ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། འགྲན་ཞུགས་པ4ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། ཨང་གསུམ་པ་བཅས་དང་ལྗོངས་ཕྱིའི་འདེམ་ཤོག་ཨང་དང་པོ་ཐོབ། ཁོ་མོ་ཚོ་མུ་མཐུད་དུ་རྒྱལ་ཡོངས་སྤྱིའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས་རྒྱུ་རེད།