དགའ་ལྡན་སུམ་རྩེན་གླིང་དགོན་པས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།དེ་རིང་ཞོགས་པའི་ཆུ་ཚོད་དགུ་པར། དགའ་ལྡན་སུམ་རྩེན་གླིང་དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པའི་རྒྱལ་དར་བསྒྲེངས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བར་བྱས་ཏེ། མེས་རྒྱལ་ལ་དགའ་ཞེན་ཚད་མེད་དང་སྨོན་འདུན་བཟང་པོ་ཞུས་བ་རེད། མཛད་སྒོའི་ཐོག་དགོན་པའི་སྤྲུལ་སྐུ་དང་གྲྭ་བ་70དེར་ཞུགས་ཡོད།

    དགའ་ལྡན་སུམ་རྩེན་གླིང་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དམ་ཆོས་ཀྱིས་དགའ་ལྡན་སུམ་རྩེན་གླིང་དགོན་པ་ད་ལྟར་བདེ་མོ་དང་འཕེལ་རྒྱས་ཐོབ་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་རེད།རྒྱལ་སྟོན་དུས་ཆེན་ལ་ཉེ་བའི་སྐབས་འདིར་དགོན་པས་རྒྱལ་དར་བསྒྲེངས་བའི་མཛད་སྒོ་སྤེལ་བར་བརྒྱུད་དེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་མེས་རྒྱལ་ལ་དེ་བས་ཡར་རྒྱས་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ།    

   ད་ལོར་ལོ་77ཟིན་པའི་གྲྭ་བ་ངག་དབང་ཀུན་ཕན་གྱིས་དགའ་ལྡན་སུམ་རྩེན་གླིང་དགོན་པ་དེ་ཏང་དང་རྒྱལ་ཁབ་ཀྱིས་ཐུམས་ཁུར་དང་རྒྱབ་སྐྱོར་གནང་བའི་འོག དགོན་པའི་ཆོས་ལུགས་ལས་དོན་ཁག་འཕེལ་རྒྱས་བྱུང་བ་དང་གྲྭ་བ་ཚོ་ལ་སྐྱིད་པོ་དང་བདེ་མོ་ཐོབ་ཡོད་དེ།ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུ་ཡིན་ཞེས་བཤད་པ།

   རྒྱལ་གཅེས་ཆོས་གཅེས་ནི་སྔར་ནས་ད་བར་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། དགའ་ལྡན་སུམ་རྩེན་གླིང་དགོན་པའི་གྲྭ་བ་ཚོས་རང་ཉིད་ཀྱི་གཏམ་སྤྱོད་དམ་ཡང་ན་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་ཆད་མེད་པར་ལག་ལེན་བསྟར་བཞིན་ཡོད། 

    དགའ་ལྡན་སུམ་རྩེན་གླིང་དགོན་པ་ནི་སྤྱི་ལོ་1679ལོར་བཞེངས་པ་དང་། ད་ལྟར་གྲྭ་བ་650ཡོད།