བདེ་ཆེན་གྱི་མི་རིགས་སྨན་ཁང་དང་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པར།བོད་རིགས་ཀྱི་དམངས་ཁྲོད་དུ་དུག་ཡོད་ན་སྨན་ཡོད་པ་ཞེས་པ་དང་སྨན་ཡོད་ན་ནད་བཅོས་ཐུབ་ཞེས་ཟེར་སྲོལ་ཡོད།དེ་བས་བོན་སྨན་དེ་རིམ་བཞིན་བོད་ཁུལ་དུ་དར་བ་དང་།དེའི་བཅོས་ཐབས་ལ་གཙོ་བོ་གཏར་ཁབ་གསོ་ཐབས་དང་མེ་བཙའ་གསོ་ཐབས།འབྱུག་བཅོས་གསོ་ཐབས་བཅས་གསུམ་ཡོད།སྤྱི་ལོའི་དུས་རབས་བདུན་པ་ནས་བརྒྱད་པའི་བར་སངས་རྒྱས་ཆོས་ལུགས་དར་ཁྱབ་ཏུ་སོང་བ་དང་བསྟུན་ནས་བོད་ལུགས་གསོ་རིག་བདེ་ཆེན་བོད་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་།མིང་ཆིང་རྒྱལ་རབས་ཟིན་དུས། ཏན་བོད་རིག་གནས་ཀྱི་སྤེལ་རེས་ཇེ་མང་བྱས་པར་བསྟུན་ནས་བདེ་ཆེན་ནང་ཁོངས་སུ་བླ་མ་སྐྱེས་ཆེན་མང་པོ་བྱུང་ཡོད།མིན་ཀོའི་སྐབས་སུ་བདེ་ཆེན་ནང་ཁོངས་ཀྱི་དགོན་སྡེ་དང་དམངས་ཁྲོད་དུ་གསོ་བ་རིག་པའི་གཞུང་ལུགས་ཆུ་ཚད་ཅུང་མཐོ་བའི་གྲྭ་བ་འགའ་ཡིས་སྨན་བཅོས་ཀྱང་བྱས་པར་བྱུང་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ཏང་དང་སྲིད་གཞུང་གིས་བོད་ཀྱི་གསོ་བ་རིག་པའི་བརྟག་དཔྱད་ཞིབ་འཇུག་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད་པ་དང་།ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་ཐེངས་མང་མངགས་ནས་བདེ་ཆེན་དུ་བོད་ལུགས་སྨན་བཅོས་མི་སྣ་དང་མཉམ་པོར་གསོ་བ་རིག་པ་དང་བོད་སྨན་གྱི་གཞུང་ལུགས་སྔོག་འཚོལ་དང་ལེགས་སྒྲིག་བྱས་པ།  1974ལོའི་རྗེས་སུ།ཡུན་ནན་ཞིང་ཆེན་གྱི་སྨན་རིགས་ཞིབ་བཤེར་སུའོ་ཡི་སྨན་པ་དབྱང་ཅིང་ཧྲེང་གིས་བདེ་ཆེན་དུ་གསོ་སྨན་དམར་དཔེ་འཚོལ་བསྡུ་ཐེངས་མང་བྱས་པ་དང་།  དུས་ཡུན་ལོ་22བགོར་ནས་བོད་ཀྱི་སྨན་པ་གྲགས་ཅན་བྱང་ཚུལ་ཁྲིམས་རྒྱ་མཚོ་དང་མཉམ་དུ་བདེ་ཆེན་བོད་སྨན་ཞེས་པའི་དཔེ་ཆ་སྟོད་སྨད་གཉིས་བརྩམས་པ།དེའི་    དུས་མཚུངས་སུ་བྱང་ཚུལ་ཁྲིམས་རྒྱ་མཚོས་ད་དུང་བོད་ཀྱི་གསོ་བ་རིག་པའི་སྙིང་བོ་ཞེས་པ་ལེགས་སྒྲིག་དང་པར་སྐྲུན་བྱས་པ་རེད།བརྩམས་ཆོས་འདི་དག་པར་སྐྲུན་བྱས་པ་ནི་བདེ་ཆེན་གྱི་བོད་ལུགས་གསོ་རིག་དེ་བས་རྒྱུད་ཁོངས་གཞུང་ལུགས་ཅན་དུ་འགྱུར་བ་དང་རྒྱལ་སྤྱིའི་ཚད་ལྡན་ཅན་དུ་འགྲོ་བཞིན་ཡོད་པ་མཚོན་པ་རེད།

     1979ལོར།  ཁུལ་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པར་བརྒྱུད་དེ་བདེ་ཆེན་ཁུལ་མི་དམངས་སྨན་ཁང་གི་བོད་ལུགས་གསོ་རིག་གི་ཚན་ཁག་བཙུགས་པ་དང་།  1987ལོར་བདེ་ཆེན་ཁུལ་བོད་སྨན་ཁང་དངོས་སུ་དབུ་བརྙེས་ནས་བདེ་ཆེན་གྱི་མི་རིགས་སྨན་ཁང་དང་པོར་གྱུར།  ལོ་དེར་སྨན་ཁང་གིས་མི་ཐེངས་4188ལ་སྨན་བཅོས་བྱས་པ་དང་ཡོང་འབབ་སྒོར་ཁྲི་1.4བྱུང་།

    སྨན་ཁང་བཙུགས་པའི་དུས་འགོར།སྨན་ཁང་ཡོངས་ལ་བོད་སྨན་པ་3དང་དགེ་ཕྲུག་འགའ་ལས་མེད་པ་དང་།རང་གིས་སྨན་གྲུབ་དཀྱུས་མ་ཉུང་ཉུང་འགའ་ལས་བཟོ་མི་ཐུབ།1989ལོའི་ཟླ་7པར། སྨན་ཁང་དེའི་བོད་སྨན་སྨན་སྦྱོར་ཁང་སྐྲུན་འགོ་ཚུགས་པ་དང་།1990ལོར་ཟིན་དུས་སྨན་ཁང་ཡོངས་སུ་ལས་བྱེད་མི་སྣ་16ཏུ་བསྣན་པ།ལོ་དེར་རང་གིས་བོད་སྨན་སྣ་ཁ་9འཐུ་བ་དང་བོད་སྨན་གྱི་སྨན་རྒྱུ་རིགས་57ཉོ་སྒྲུབ་བྱས་པ།བོད་སྨན་སྣ་12རང་གིས་བཟོ་པ་རེད།དེའི་ཁྲོད་དུ་མུ་ཏིག་ཉེར་ལྔ་ཞེས་པའི་བོད་སྨན་ཞིབ་འཇུག་དང་གསར་བཟོ་ལེགས་གྲུབ་བྱུང་བ་དང་སྡེབ་འབོར་ཐོན་སྐྱེད་བྱས་པས་རང་ཁུལ་གྱིས་ཡུན་རིང་པོར་སི་ཁྲོན་དང་བོད་ལྗོངས་ལས་བོད་སྨན་མཁོ་སྤྲོད་བྱས་པའི་རྣམ་པ་འགྱུར་བ་དང་སྨན་རིན་སྒོར་22023.79གྲོན་ཆུང་བྱུང་།


      ལོ32ཀྱི་ཚུན་དུ།ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག བདེ་ཆེན་ཁུལ་བོད་སྨན་ཁང་གིས་རྒྱུན་མི་ཆད་པར་བོད་ལུགས་གསོ་རིག་ལས་དོན་གྱི་འགག་གནད་སྒྲོལ་བ་དང་།སྨན་བཅོས་དང་ཞབས་ཞུའི་ཆུ་ཚད་གོང་དུ་འདེབས་པ།དངོས་གནས་ཀྱིས་མི་དམངས་མང་ཚོགས་ལ་སྨན་བཅོས་བདེ་ཐང་ཞབས་ཞུ་ལེགས་པོ་བཏོན་ནས་བདེ་ཆེན་གྱི་མི་རིགས་སོ་སོའི་མི་དམངས་དང་མཐའ་འཁོར་བོད་ཁུལ་གྱི་མི་དམངས་དག་གིས་གདེང་འཇོག་བཟང་པོ་ཐོབ་ཡོད།

    2018ལོར་ཟིན་དུས།སྨན་ཁང་ཡོངས་ལ་ལས་བྱེད་མི་སྣ་148ཡོད་པ་དང་།དེའི་ཁྲོད་དུ་ཆེད་ལས་ལག་རྩལ་མི་སྣ་90ཡོད།  སྨན་ཁང་དུ་ཁོང་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་སོགས་ཚན་ཁག་13བཀོད་སྒྲིག་བྱས་ཡོད་པ་དང་།  ལོ་ཧྲིལ་པོར་མི་ཁྲི་5ལྷག་ལ་སྨན་བཅོས་བྱས་པ།  མིག་སྔར་སྨན་ཁང་ཡོངས་སུ་སྤྱོད་ཡོད་པའི་སྨན་རིགས་90%ནི་བོད་སྨན་ཡིན་པ་དང་། དེའི་ཁྲོད་ཀྱི་95%ཡན་ནི་སྨན་ཁང་རང་གི་བཟོ་བའི་བོད་སྨན་ཡིན།བོད་སྨན་ཁང་རང་གིས་བཟོ་པའི་བོད་སྨན་སྣ་116ཡོད་པས་རང་ཁུལ་གྱི་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་ཡོད།