ཧུང་ཧོའི་བཟོ་རྩལ་རྩེ་གསུམ་གྱི་འགྲེམས་སྟོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ས་ཁོངས་མི་འདྲ་བ་དང་མི་རིགས་མི་འདྲ་བའི་རིག་གནས་ཐོན་ཁུངས་དེ་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་མི་རྣམས་ཀྱི་འཚོ་བར་ཞབས་འདེགས་ཞུ་བ་དང་མི་དེ་བས་མང་བ་དངོས་མང་བཤམས་སྟོན་ཁང་དུ་བསྐྱོད་དེ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མྱོང་རོལ་ཐུབ་པ་བྱ་ཆེད།ཟླ9པའི་ཚེས24ཉིན།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་དང་ཧུང་ཧོའི་ཧ་ཉི་རིགས་དབྱི་རིགས་རང་སྐྱོང་ཁུལ་དངོས་མང་བཤམས་སྟོན་ཁང་གིས་མཉམ་འབྲེལ་བྱས་ནས་སྤེལ་བའི་ཧུང་ཧོའི་བཟོ་རྩལ་རྩེ་གསུམ་སྟེ།ཟངས་དངུལ་དང་།རྫ་སྨུག གཤའ་བཅས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དེ་ཧུང་ཧོའི་བཤམས་སྟོན་ཁང་ནས་གཟབ་རྒྱས་ངང་འགྲེམས་སྟོན་བྱས་ཏེ།མེས་རྒྱལ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་ཕུལ་བ་རེད། 

    འགྲེམས་སྟོན་དེ་པར་རིས་ངོ་སྤྲོད་དང་། དངོས་པོའི་འགྲེམས་སྟོན། བརྙན་ལམ་ཐོག་ནས་སྟོན་པ་སོགས་ཀྱི་རྣམ་པ་བརྒྱུད་ནས།བཟོ་རྩལ་རྩེ་གསུམ་གྱི་བྱུང་འཕེལ་ཏེ་ཧྲི་ཕིང་རྫོང་དང་ཅན་ཧྲུའེ་རྫོང་།ཀོ་ཅིའུ་གྲོང་ཁྱེར་བཅས་གྲོང་ཁྱེར་གསུམ་གྱི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ངོ་སྤྲོད་བྱས་ནས།ངོ་མཚར་ཆེ་བའི་བཟོ་རྩལ་གྱི་བརྒྱུད་རིམ་གསུམ་དང་། མཛེས་སྡུག་ལྡན་པའི་སྒྱུ་རྩལ་གྱི་ཁྱད་ཆོས།ཡུལ་བབ་ངན་པའི་ཁྲོད་བརྟན་སྲུང་བྱེད་པའི་སྙིང་སྟོབས་བཅས་མངོན་པར་བྱས་པ་དང་།ངོ་མཚར་ཆེ་ལ་འགྱུར་ལྡོག་མང་བའི་ཧུང་ཧོའི་བཟོ་རྩལ་རྩེ་གསུམ་གྱི་བཟོ་རྩལ་གསོན་ཉམས་ལྡན་པའི་ངང་འགྲེམས་སྟོན་བྱས་ནས།ཧུང་ཧོའི་བཟོ་རྩལ་རྩེ་གསུམ་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་གང་ལེགས་ཀྱིས་མངོན་པར་བྱས་ཡོད།

    ཐེངས་འདིའི་འགྲེམས་སྟོན་འདི་དུས་ཡུན་ཟླ་གཉིས་རིང་སྤེལ་རྒྱུ་ཡིན་ལ།ཟླ11པའི་ཚེས30ཉིན་མཇུག་འགྲིལ་རྒྱུ་རེད།