འཆམ་འཆམ་མང་ཙམ་བྱས་ན་རྒན་འཁོགས་ཀྱི་གླེན་ཁོབ་ནད་འགོག་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-24   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

    མི་མི་ཉུང་བ་ཞིག་གིས་ཚེ་རིང་བྱུང་ན་བདེ་སྐྱིད་ཡིན་མོད། འོན་ཀྱང་རྒན་འཁོགས་གླེན་ཁོབ་ཞིག་ཏུ་གྱུར་ན་སྡུག་བསྔལ་རང་རེད་ཅེས་བརྗོད་ཀྱི་ཡོད། གལ་ཏེ་ཕྱིས་སུ་ཁྱེད་ལོ་ན་རྒས་ནས་གླེན་ཁོབ་ཅན་དུ་འགྱུར་མི་འདོད་ན་ད་ལྟ་ནས་འཆམ་འཆམ་མང་ཙམ་གྱིས་དང་།ཁ་ན་ཏའི་ཞིབ་འཇུག་པས་རྒན་འཁོགས་ཀྱི་གླེན་ཁོབ་ནད་དང་རྒྱུན་གཏན་ལུས་སྦྱོང་སྐོར་གྱི་འབྲེལ་ཡོད་ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར། རྒན་འཁོགས་ཀྱི་གླེན་ཁོབ་ནད་མི་ཕོག་པའི་མི་རྣམས་ཀྱིས་དུས་རྒྱུན་འཆམ་འཆམ་མང་པོ་དང་གཟུགས་པོར་སྦྱོང་བརྡར་མང་པོ་བྱས་ན་ནད་དེ་ཕོག་གི་མེད། ཁོང་ཚོས་རྒྱུན་དུ་འཆམ་འཆམ་མང་ཙམ་བྱས་ནས་ཀླད་པའི་ནང་དབྱང་རླུང་མང་པོ་གསོག་རྒྱུ་ནི་གལ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འཆམ་འཆམ་བྱས་ན་ལུས་ཟུང་ཙམ་མ་ཟད། ཀླད་པར་ཡང་ཕན་ཐོགས་ཆེན་པོ་ཡོད།