སེམས་ཀྱི་ཉི་ཟླར་ལོ་ལེགས་བྱུང་ཡོད་ལ་ཞིང་བ་རྣམས་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་བ་9་བའི་ཚེས་11ཉིན།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་མཐུན་སྒྲིལ་གྲོང་ཚོར་ཐོན་པ་ན།  གནས་འདིའི་དབུ་མེད་རྣམས་ཀྱིས་ལག་ལ་ཟོར་བ་བཟུང་སྟེ་བྲེལ་འཚུབ་ཀྱིས་ཞིང་ཁར་སོང་ནས་ལོ་གཅིག་གི་སྟོན་བསྡུའི་ལས་ལ་བརྩོན་བཞིན་ཡོད། ཉི་འོད་ཀྱི་ཚ་ཟེར་འོག་ན་ཁོ་ཚོའི་གདོང་ན་རྔུལ་ཆུ་ཤམ་ཤམ་བྱེད་བཞིན་ཡོད་མོད། ཕྱི་འདོད་ཀྱི་ཁོམ་ལུང་མེད་པར་མུ་མཐུད་དུ་ལས་ཞོར་དང་དགོད་ཞོར་གྱིས་ལས་ལ་བྲེལ་བཞིན་ཡོད། གོ་རིམ་ཡོད་ལ་ལག་ལ་བྱང་ཆ་ཡོད་པའི་སོ་ནམ་པ་རྣམས་གྱིས་ངལ་བ་མེད་པར་སྟོན་བསྡུའི་ལས་ལ་བྲེལ་བཞིན་པའི་རྣམ་པ་འདི་དང་། བསིལ་འཇམ་གྱི་རླང་བུ་གཡུག་ཐེངས་རེར་གསེར་མདོག་གི་རླབས་འཕྲེང་གཡོ་བའི་སྣང་བ་གཉིས་ནི་སྟོན་ཀའི་མཛེས་སྡུག་ངོ་མ་ཡིན་པར་ཐེ་ཚོམ་མེད།