འཇོལ་རྫོང་ཨ་ཏུན་ཙེ་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་དྲ་བ།

        འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་ཏུན་ཙེ་སྡེ་ཁུལ་ནི་ཡུན་ནན་དང་།སི་ཁྲོན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ས་ཁུལ་དང་བགྲོད་ལམ་གཙོ་བོ་དང་བསྡུ་འགྲེམས་ས་ཁུལ་ཡིན།གནའ་སྔ་མོ་ནས་བཟུང་མི་རིགས་མང་པོ་སྡོད་པའི་ས་ཁུལ་ཞིག་ཡིན་ཏེ།སྡེ་ཁུལ་ཁོངས་གཏོགས་ཀྱི་གྲོང་མིའི་ཡུག་ཁུལ་7དང་གྲོང་མིའི་ཚོགས་ཆུང་1ཡོད།སྡེ་ཁུལ་གྱི་གྲོང་མི་གཙོ་བོ་ནི་བོད་རིགས་དང་རྒྱ་རིགས་དང་། ཧུའེ་རིགས། པའེ་རིགས།ལི་སུའུ་རིགས། འཇང་རིགས་སོགས་ཡིན། ཡུན་རིང་གི་མི་རིགས་དམངས་ཁྲོད་རིག་གནས་དང་།བབ་ཆགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ཀྱིས་ཨ་ཏུན་ཙིའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་བཏོད་ཡོད།

        ཨ་ཏུན་ཙེ་སྡེ་ཁུལ་དུ་བོད་རིགས་དང་།ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་བར་ལ་ཕན་ཚུན་དབྱེ་བ་མེད་པ་དང་ཕན་ཚུན་རོགས་རམ་བྱས་པས་ཁྱིམ་ཚང་གཅིག་ལ་མི་རིགས་མང་བའི་སྣང་ཚུལ་ཧ་ཅང་ཁྱབ་ཡོད།ལི་ཀྲུང་དབྱིའི་ཁྱིམ་ནི་བོད་རིགས་དང་། ཧུའེ་རིགས། རྒྱ་རིགས། པའེ་རིགས།འཇང་རིགས་བཅས་མི་རིགས་5ཡིས་ཞི་མཐུན་གྱི་ཁྱིམ་ཚང་ཆེན་པོ་ཞིག་གྲུབ་ཡོད།

        སྡེ་ཁུལ་དུ་པི་ཝང་ཁྲིད་སྦྱོང་ཁང་ཞིག་ཡོད།པི་ཝང་ནི་འཇོལ་རྫོང་དུ་སྡོད་པའི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། འཇང་རིགས།ལི་སུའུ་རིགས། སོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། ནུས་ལྡན་གྱིས་མི་རིགས་སོ་སོའི་བར་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་ཡོད་ཅེས་སྡེ་ཁུལ་གྱི་འགྲེལ་བཤད་པས་འདི་འདྲ་བཤད་བྱུང་།

        ཨ་ཏུན་ཙེ་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད“དམ་འཛིན་ལྔ་དང་རིམ་སྤོར་ལྔ”མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། གཉིས་ནས“རྐང་འཛུགས་ལྔ”མཐའ་འཁྱོངས་བྱས་པ་དང་“སྡེ་ཁུལ་ལྔ”གསར་འཛུགས་བྱས་པ།