རྨ་ཆུའི་ཆུ་འགོའི་ཆུ་དཔྱད་ས་ཚིགས་གལ་ཆེན་ཡིན་པའི་ཐང་ནག་ཆུ་དཔྱད་ས་ཚིགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-10   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

                                                            ཐང་ནག་ནི་རྨ་ཆུའི་རྒྱུད་ཀྱི་མིང་གལ་ཆེན་ཞིག་རེད།

                         ཚ་རྔ་འགག་ཆུ་མཛོད་ཀྱི་ཐང་ནག་ཆུ་དཔྱད་ས་ཚིགས་ནི་རྨ་ཆུའི་ཆུ་གཞུང་གི་ཚོད་འཛིན་ས་ཚིགས་དང་རྨ་ཆུའི་རྒྱུད་ཀྱི་འབྲུབ་ཆུ་ཨང་སྒྲིག་ས་ཚིགས་དང་པོ་རེད་ལ། རྒྱལ་ཁབ་ཀྱི་ཆུ་དཔྱད་ས་ཚིགས་གལ་ཆེན་དང་རྨ་ཆུའི་གནས་ཚུལ་བརྡ་གཏོང་ས་ཚིགས་གལ་ཆེན་དེ་ཡང་རེད།

གསར་འགོད་པ་ཉེ་དུས་བྲག་དཀར་རྫོང་དང་བར་ཐག་སྤྱི་ལེ་18ཡོད་པའི་ཐང་ནག་ཤང་གྲོང་ཚོ་སྨད་རྨ་ཆུའི་གྲམ་ཐང་འགྲམ་གྱི་ཐང་ནག་ཆུ་དཔྱད་ས་ཚིགས་སུ་སྐྱོད། ཆུ་དཔྱད་ས་ཚིགས་ཡོད་སའི“གྲམ་ཐང་ནག་པོ”སྐབས་དེར་ལྗང་མདོག་དང་གསེར་མདོག་འདྲེས་མའི་རྣམ་པས་བརྒྱན་ནས་འདུག ཆུ་དཔྱད་ས་ཚིགས་ཀྱི་ལས་དོན་མི་སྣ་6གིས་དེ་གར་ཆུ་རྒྱས་ཆུ་ཆག་གི་གནས་ཚུལ་ཐོ་འགོད་བྱས་ཏེ། ཆར་པ་འབབ་ཚད་དང་། ཆུ་ཁ་རྒྱས་ཚད། རྒྱུག་འབོར། བྱེ་རྡུལ་ཁེངས་ཚད། དར་ཁ་ཆགས་ཚུལ། ཆུའི་དྲོད་ཚད། གནམ་གཤིས་དྲོད་ཚད་སོགས་ཆུ་དཔྱད་ཚད་འཇལ་གྱི་ལས་འགན་འཁུར་གྱི་ཡོད།

“གནས་འདི་ནི་རྨ་ཆུའི་ཆུ་འགོའི་ཆུ་དཔྱད་ས་ཚིགས་གཙོ་བོ་ཡིན་པ་དང་ཐང་ནག་ཆུ་དཔྱད་ས་ཚིགས་ཀྱི་བཅད་ཁས་མཚམས་སུ་འབྱེད་པ་དང་རྨ་ཆུ་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.19ཟིན་པ་དེས་རྨ་ཆུའི་རྒྱུག་ཁོངས་རྒྱ་ཁྱོན་གྱི་16.2%བཟུང་ཡོད། ཚོད་འཛིན་བཅད་ཁ་ཡན་གྱི་ཆུ་བོའི་རིང་ཚད་ལ་སྤྱི་ལེ་1553ཟིན་པ་དེས་རྨ་ཆུ་ཧྲིལ་པོའི་28.4%བཟུང་ཡོད། ལོ་མང་ཆ་སྙོམས་ཆུ་འབོར་ཚད་གཞི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་200ཟིན་པ་དེས་རྨ་ཆུ་རྒྱུག་ཁོངས་ཀྱི་ལོ་མང་ཆ་སྙོམས་ཆུ་འབོར་ཚད་གཞིའི་34.5%བཟུང་ཡོད་ཅེས་ཐང་ནག་ཆུ་དཔྱད་ས་ཚིགས་ཀྱི་ཀྲན་ཀྲང་མ་ཡུས་ཏུང་གིས་བརྗོད།

ཐང་ནག་ཆུ་དཔྱད་ས་ཚིགས་ཀྱིས་ཐང་ནག་རྒྱུད་ཀྱི་རྨ་ཆུའི་ཆུ་གཞུང་ཨ་མའི་ཆུ་དཔྱད་འགྱུར་ལྡོག་དང་། ཆུའི་འགྱུར་ལྡོག ཆུ་དང་བྱེ་མའི་འགྱུར་ལྡོག་བཅས་ཐོ་འགོད་བྱས་ནས་རྨ་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་རྨ་ཆུའི་འབྲུབ་འགོག་ཐན་འགོག ཆུ་འབོར་ཚོད་འཛིན། རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་བཅས་ལ་ཆུའི་གནས་ཚུལ་གལ་ཆེན་མཁོ་འདོན་བྱས་ཡོད། ས་ཁམས་ཀྱི་གནས་བབ་དམིགས་བསལ་དབང་གིས་ཆུ་ཁའི་འགྱུར་ལྡོག་དང་རྒྱུག་ཚད་འགྱུར་ལྡོག་ནི་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ས་གནས་སྲིད་གཞུང་གིས་དོ་ཁུར་ཆེན་པོ་བྱེད་པའི་འབྲུབ་འགོག་གི་དམིགས་ཚད་ཅིག་ཡིན་ཞིང་། ཆུ་ལོག་གི་སྔོན་བརྡ་དང་འབྲུབ་འགོག་གི་བཀའ་རྒྱ་ཚང་མ་དེ་ནས་གཏོང་གི་ཡོད།

ན་ནིང་ཟླ་7ཚེས་8ཉིན་དང་འདི་ལོའི་ཟླ་6ཚེས་20ཉིན་ནི་ཐང་ནག་ཆུ་དཔྱད་ས་ཚིགས་ཀྱི་རྒྱུག་ཚད་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་2500ཟིན་གྱི་ཡོད་པ་དེ་2018ལོ་དང་2019ལོའི་རྨ་ཆུའི་ཆུ་ལོག་གི་ཨང་དང་པོ་སོ་སོར་གྲུབ་ཡོད། རྨ་ཆུའི་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་དེ་མུར་ཆུ་བོའི་སྟོད་རྒྱུད་ཀྱི་འབྲུབ་ཆུའི་གནས་ཚུལ་གྱི་ཉེན་བརྡ་སྔོན་པོ་བཏང་བ་དང་འབྲེལ་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲུབ་འགོག་IVརིམ་པའི་འཕྲལ་སྡོམ་ལག་བསྟར་བྱས་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ཐང་ནག་ཆུ་དཔྱད་ས་ཚིགས་བསྐྲུན་ནས་ལོ་65སོང་བ་དང་ཉེ་འགྲམ་གྱི་ཆུ་སྨད་དུ་གཡས་འཁྱིལ་ཆུ་ལོག་ས་ཚིགས་བསྐྲུན་དགོས་པས་ས་ཚིགས་ཚང་མ་གནས་སྤོ་བྱེད་དགོས་པར་བརྟེན། ས་ཚིགས་ཀྱི་ལས་ཀའི་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་དཀའ་གནད་སྒྲོལ་བའི་དུས་མཚམས་སུ་གནས་ཡོད།

1983ལོར་ས་ཚིགས་དེར་ལས་ཀ་བྱེད་མཁན་ཐུའུ་ཧའེ་ཧྲེང་གིས་དེ་སྔོན་དང་བསྡུར་ན་ལས་ཀའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། དཔེར་ན། སྐབས་དེ་དུས་ཆུ་བོའི་རྒྱུག་ཚད་ཚད་འཇལ་བྱེད་སྐབས་གཙོ་བོ་གྲུ་ལ་བརྟེན་དགོས་པ་དང་། 1984ལོར་འབྲུབ་ཆུ་ཆེན་པོ་རྒྱས་པའི་སྐབས་སུ་མི་གྲུ་ལ་བསྡམས་ནས་ཆུ་བོའི་རྒྱུག་ཚད་འཇལ་གྱི་ཡོད། ད་ཆ་ཆུ་བོའི་རྒྱུག་ཚད་ཐད་རང་འགུལ་ཅན་གྱི་འཕྲུལ་ཆས་ཡོད་པས་དེ་སྔ་ལས་དེ་བས་བདེ་འཇགས་དང་། སྟབས་བདེ། གནད་འཁེལ་བཅས་ཡོད་ལ་སྔོན་ཐོན་གྱི་ཚད་འཇལ་སྒྲིག་ཆས་ཁག་གཅིག་ཀྱང་ཡོད་ཅེས་བཤད།

“དེ་སྔ་དང་བསྡུར་ན་ད་ཆ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡོད་པ་དང་། ས་ཚིགས་སུ་དྲ་རྒྱ་ཡོད་ལ་ང་ཚོ་ཉིན་བཞི་ལྔ་རེར་རྫོང་གྲོང་དུ་འཚོ་བའི་མཁོ་ཆས་ཉོ་བར་འགྲོ་བ་དང་དུས་རྒྱུན་དྲ་ཞུགས་ཐུབ་པས་ཕྱི་ཕྱོགས་དང་འབྲེལ་བ་ཆད་པའི་སེམས་ཁྲལ་མེད”ཅེས་སློབ་ཆེན་ཐོན་ནས་ལས་ཀ་ལོ་གཅིག་བྱེད་མྱོང་བའི་ཧྲན་ཞའོ་པིན་གྱིས་བརྗོད།

འབྲུབ་དུས་ཀྱི་ཆུ་ལོག་དང་རྒྱུན་གཏན་འཚོ་བའི་ཁྲོད་ཁོང་ཚོས་ནན་ཏན་ངང་ཆུ་དཔྱད་ཀྱི་གྲངས་གཞི་རེ་རེ་ཐོ་འགོད་བྱས་ཏེ། སྤྱིར་བཏང་མིན་པའི་མི་ཚེའི་ལམ་བུའི་ཐོག་རང་ཉིད་ཀྱི་རིན་ཐང་མངོན་པར་བྱེད་ཀྱི་ཡོད།