བདེ་ཆེན་གྱི་ཡུལ་སྐོར་བརྟན་འཇགས་ངང་འཕེལ་རྒྱས་བྱུང་བཞིན་པའི་རྣམ་པ་བཟང་བོ་མངོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        


        བསིལ་འཇམ་གྱི་སྟོན་རླུང་གཡུག་ཐེངས་རེར་སེར་པོ་གསེར་གྱི་ཁ་མདོག་ཅན་དང་མར་པོ་མེ་ཡི་ཁ་མདོག་ཅན་གྱི་མེ་ཏོག་སྣ་རྒྱས་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་ལ། སེམས་ཀྱི་མུན་པ་དྭངས་པར་བྱེད་པའི་མེ་ཏོག་གི་དྲི་བསུང་ཕྱོགས་བཞིར་མཆེད་བཞིན་ཡོད།

        ཉེ་བའི་ལོ་འགའི་རིང་ཉི་ཤར་ཤང་ཐང་སྨད་གྲོང་ཚོས་མཐའ་ཁོར་གྱི་ཞིང་ནང་དུ་ཉི་དགའ་མེ་ཏོག་དང་ཁམ་བུའི་མེ་ཏོག པད་ཆེན་པད་ཆུང་སོགས་ཀྱི་མེ་ཏོག་སྣ་ཚོགས་བཏབས་པས། ལོ་རེའི་སྟོན་འགོའི་དུས་འདིར་ཡུལ་སྐོར་བ་དང་ལམ་འགྲོ་མང་བོ་གནས་འདིར་བསུས་ཡོང་ཞིང་། གནས་འདིའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་སྤེལ་གྱི་ནུས་པ་ཆེན་པོ་ཐོན་པ་རེད། 

        ཉེ་ཆར། གསར་འགོད་པས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་ནས་རྒྱུས་ལོན་བྱུང་ལྟར་ན།ལྗོངས་ཁུལ་གྱི་འཁོར་འཇོག་ར་བའི་ནང་ན་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཡོང་བའི་རླངས་འཁོར་སྣ་ཚོགས་ཀྱིས་གང་ཡོད་ལ། ལྗོངས་ཁུལ་གྱི་ལྗོངས་རྒྱུའི་གདུང་འདེགས་འཕྲང་ལམ་དང་ལྗོངས་གཟིགས་སྟེགས་བུ་སོགས་སུ་ཡུལ་སྐོར་བའི་འཚང་ཁ་ཤིན་ཏུ་ཆེ་བ་རེད།

        རྒྱུས་ལོན་བྱུང་ལྟར་ན། ད་ལོའི་ཟླ་བ་7པར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཆ་སྙོམས་ཉིན་རེར་ཡུལ་སྐོར་བ་ཁྲི་ལྷག་སྣེ་ལེན་བྱས་པ་ཡིན་ལ། ཟླ་འདིའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་2180སླེབས་པས། ཟླ་6པ་དང་བསྡུར་ན་ཡོང་འབབ་སྒོར་782འཕར་ལ་རེད། 


        ཉེ་ཆར། བདེ་ཆེན་སེམས་ཀྱི་ཉི་ཟླའི་མཁའ་འགྲུལ་སྐྱེལ་འདྲེན་གྱི་མཐོ་རླབས་ལ་སླེབས་ཡོད་དེ། ཟླ་བ་8པ་ནས་བཟུང་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་གིས་གནམ་གྲུ་འཕུར་འབབ་ཀྱི་གྲངས་ཀ་462ལ་སླེབས་པ་ཁག་ཐེག་བྱས་ཤིང་། ཡུལ་སྐོར་བ་མི་45239སྐྱེལ་འདྲེན་བྱས་པ་རེད།