སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི...-ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།

    • ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཡོངས་སྐུལ་སློང་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་སྡོད་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱེད་སྒོ་སྤེལ་བ་རེད།

      ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བལྟོས་བཅས་ཀྱིས་ཞན་པ་དང་། གད་སྙིགས་གང་བྱུང་དུ་གཡུགས་པ་དང་མེ་ཤིང་གང་སར་སྤུངས་པ། གྲོང་གསེབ་ཀྱི་གད་སྙིགས་གཙང་སེལ་དང་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་མི་འདང་བ་བཅས་ཀྱི་དོན་དངོས་ལ་དམ་པོར་གཞིགས་ཏེ། སྔ་རྗེས་སུ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་ཐེངས་མང་འཚོགས་ནས། འབྲེལ་ཡོད་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་དང་། འགན་འཁྲི་ཁ་གསལ་བཟོས་པ། གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། གྲོང་སྡོད་ལས་བྱེད་པ་ནས་འགོ་འཛུགས་པ། བསམ་བློ་གཅིག་གྱུར་བྱེད་པ་བཅས་བྱས་ནས་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་བཏང་བ་དང་། མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་གྲོང་གསེབ་ཀྱི་ཁོར་ཡུག་དང་འཕྲོད་བསྟེན་ལེགས་སུ་གཏོང་རྒྱུ་དེ་ཞིང་འབྲོག་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་འགྱུར་བར་བྱས་པ་རེད།

      ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ། གྲོང་ཚོ་ཨུ་ལྷན་གནས་ཡུལ་དང་གྲོང་ཚོའི་ལམ་ཨ་མ། གྲོང་ཚོ་རིམ་པའི་རིག་གནས་བྱེད་སྒོ་སྤེལ་ཡུལ། གྲོང་ཚོའི་ཆུ་ཡུར་སོགས་གཙོ་གནད་ཁྱབ་ཁོངས་ནས་འགོ་བཙུགས་ཏེ། ཏང་ཡོན་སྐུལ་སློང་དང་སྣེ་ཁྲིད་ནས་ཁོར་ཡུག་གཙང་སེལ་དང་སྲུང་སྐྱོང་ལས་དོན་སྤེལ་བ་མ་ཟད། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་དོན་སྙིང་གལ་ཆེན་ངང་རྒྱུད་རིང་པོ་དང་ཞིབ་ཚགས་པོས་གསལ་བཤད་བྱས་པ་དང་། བྱ་སྤྱོད་ཐད་རྒྱ་ཆེའི་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་གང་ཐུབ་བྱས་པས། གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནང་། ཞིང་འབྲོག་པ་ཏང་ཡོན་གྱི་གཙོ་ཤུགས་དམག་གི་ནུས་པ་སྐོང་འཐེན་ནུས་ལྡན་ཐུབ་པ་རེད།