རྩོམ་པ་པོ།    ཚེ་རིང་།   ཡིག་བསྒྱུར།       དུས་ཚོད།   2019-09-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། རང་ཁུལ་གྱིས2009ལོ་ནས་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ལ་ཁ་གསབ་སྤྲོད་པ་འགོ་ཚུགས་པ་ནས་བཟུང་། ནན་ཏན་གྱིས《ཀྲུང་དབྱང་ནོར་སྲིད་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས།》དང་། 《ཡུན་ནན་ཞིང་ཆེན་ས་གནས་སྤྱི་ཕན་ནགས་ཚལ་དོ་དམ་བྱ་ཐབས།》 《ཡུན་ནན་ཞིང་ཆེན་གྱིས་ཀྲུང་དབྱང་ནོར་སྲིད་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས་དོན་འཁྱོལ་གཏོང་བའི་སྲོལ་ཡིག》 《ཡུན་ནན་ཞིང་ཆེན་ཞིང་ཆེན་རིམ་པའི་སྤྱི་ཕན་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་དོ་དམ་བྱ་ཐབས》 《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཕན་འབྲས་ནགས་ཚལ་གྱི་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་གཏན་འཁེལ་གཞིགས་ནས། ནུས་ཡོད་ཀྱི་བྱ་ཐབས་སྤྱད་དེ་སྤྱི་ཕན་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་འཛིན་སྤྲོད་དངུལ་ལེན་ལས་ཀ་བརྟན་བརླིང་གིས་སྒྲུབ་པར་ཁེག་ཐེག་བྱས་པ་རེད།
ཟླ6པའི་ཚེས25ཉིན་གྱི་བར་དུ། བདེ་ཆེན་རྫོང་དང་འབའ་ལུང་རྫོང་གཉིས་ཀྱིས་གཞི་རྩའི་ཐོག2012ལོའི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ལ་ཁ་གསབ་མ་དངུལ་སྤྲོད་པའི་འཛིན་སྤྲོད་དངུལ་ལེན་ལས་ཀ་སྒྲུབ་ཚར་བ་དང་། བདེ་ཆེན་རྫོང་གིས་2012ལོའི་འཛིན་སྤྲོད་དངུལ་ལེན་མ་དངུལ་སྒོར་ཁྲི2646.94སྤྲོད་རན་པ་དང་། དངོས་སུ་འཛིན་སྤྲོད་དངུལ་ལེན་སྒོར་ཁྲི2570.31སྤྲད་པ་རེད། མ་དངུལ་འཛིན་སྤྲོད་དངུལ་ལེན་བྱེད་ཚད97.1%ལ་སླེབས་ཡོད། འབའ་ལུང་རྫོང་གིས་2012ལོའི་འཛིན་སྤྲོད་དངུལ་ལེན་མ་དངུལ་སྒོར་ཁྲི2064.37སྤྲོད་རན་པ་དང་། དངོས་སུ་འཛིན་སྤྲོད་དངུལ་ལེན་སྒོར་ཁྲི2039.9སྤྲད་པ་རེད། མ་དངུལ་འཛིན་སྤྲོད་དངུལ་ལེན་བྱེད་ཚད98.81%ལ་སླེབས་ཡོད། སེམས་ཀྱི་ཉི་ཟླ་རྫོང་གིས་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ལ་ཁ་གསབ་སྤྲོད་པ་དེ“ཞིང་ཕན་བྱང་བུ”ནང་ནས་འཛིན་སྤྲོད་དངུལ་ལེན་བྱས་པ་རེད། མིག་སྔར། རྫོང་དེའི་གཏེར་མ་རོང་ཤང་དང་། རྒྱལ་ཤང་གྲོང་རྡལ་གཉིས་མ་གཏོགས། ཤང་དང་གྲོང་རྡལ་གཞན་ཚང་མས་སྲུང་སྐྱོང་དོ་དམ་དང་ངལ་རྩོལ་གླ་ཆ་སོགས་ཚང་མ་སྤྲད་ཚར་ལ། རྫོང་ཡོངས་ཀྱིས2012ལོར་སྲུང་སྐྱོང་དོ་དམ་དང་ངལ་རྩོལ་གླ་ཆ་སྒོར་ཁྲི1245.45འཛིན་སྤྲོད་དངུལ་ལེན་བྱེད་རན་པ་དང་། སྒོར་ཁྲི932.26འཛིན་སྤྲོད་དངུལ་ལེན་བྱས་པ་རེད། མ་དངུལ་འཛིན་སྤྲོད་དངུལ་ལེན་བྱེད་ཚད74.85%ལ་སླེབས་ཡོད།
སྐྱེ་ཁམས་ཕན་འབྲས་ཁ་གསབ་ལག་བསྟར་བྱས་པ་བརྒྱུད་ནས། ཁུལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ལ་ནུས་ཡོད་ཀྱི་དོ་དམ་དང་སྲུང་སྐྱོང་ཐོབ་ཡོད་པ་དང་། ཞིང་པ་མང་ཚོགས་ཀྱིས་རང་རྟོགས་ཀྱི་སྒོ་ནས་ནགས་ཚལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མུ་མཐུད་ནས་ཇེ་མཐོར་སོང་ཡོད། ནགས་ཚལ་གྱི་མེ་སྐྱོན་མངོན་གསལ་གྱིས་ཇེ་ཉུང་དུ་སོང་ཡོད་ལ། ནགས་ལས་ལ་གནོད་འབུ་ཐེབས་ཚད་ཀྱང་ནུས་ཡོད་ཀྱིས་ཚོད་འཛིན་ཐེབས་ཡོད། ཤིང་སྡོང་གཅོད་པ་དང་། ཤིང་སྡོང་བཅད་ནས་ས་རྒོད་གཏོད་པ། ཁྲིམས་འགལ་གྱིས་ནགས་ས་བཟུང་བ་སོགས་ཀྱི་བྱ་སྤྱོད་ཀྱང་ཚད་ཆེ་ས་ནས་ཇེ་ཉུང་དུ་གྱུར་ཡོད་པ་རེད།