སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་གྱི་སེ་འབྲུ་སྨིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། སྟོན་འགོའི་དུས་འདིར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་དུ་སེ་འབྲུ་ལ་ལོ་ལེགས་བྱུང་ཡོད་དེ། སེ་འབྲུའི་སྡོང་བོའི་བར་ན་ས་གནས་ཞིང་བས་དགའ་བའི་འཛུམ་གྱིས་ཁེངས་ནས་དམར་མདངས་བཀྲ་བའི་སེ་འབྲུ་ཐོག་བཞིན་འདུག   ཅིན་ཅིང་གྲོང་རྡལ་གྱི་སེ་འབྲུའི་རྡོག་ཆེ་བ་ལ་ཁ་མདོག་ཡག་པ། སྙི་མོ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་དེ་ཐོན་རྫས་ཀྱི་ཚོང་ལམ་ཡངས་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་མངོན་ཡོད་པ་རེད།