རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཁྲིན་ཏུའུ་རུ་འཚོགས།

རྩོམ་པ་པོ།   མཁའ་འགྲོ་ཚེ་བརྟན།  ཡིག་བསྒྱུར།       དུས་ཚོད།   2019-09-06   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཟླ9པའི་ཚེས6ཉིན།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་ཤིང་།ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་ལས་གཉེར་ཁང་དང་སི་ཁྲོན་ཞིང་ཆེན་གནའ་དཔེ་དག་སྒྲིག་གཞུང་ལས་ཁང་།ཧི་མ་ལ་ཡ་རིག་མཛོད་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་ཀྱི་བོད་ཡིག་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་རུ་འཚོགས། ཚོགས་འདུར་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ། ཡུན་ནན། པེ་ཅིང་བཅས་ཀྱི་ཚན་རིག་ཞིབ་འཇུག་སྡེ་ཁག་དང་གནའ་དཔེ་དག་སྒྲིག་ལས་ཁུངས།དཔེ་མཛོད་ཁང་།མཐོ་རིམ་སློབ་གྲྭ་བཅས་ནས་ཡོང་བའི་ཆེད་མཁས་པ་དང་འབྲེལ་ཡོད་མི་སྣ190ལྷག་ཞུགས་ཡོད།

        བགྲོ་གླེང་ཚོགས་འདུའི་སྟེང་ད་དུང་ས་གནས་སོ་སོའི་དཔེ་སྐྲུན་ཁང་དང་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་རྩོམ་སྒྲིག་དང་པར་སྐྲུན་བྱས་ཟིན་པའི་དཔེ་ཚོགས་སྐོར་ཞིག་འགྲེམས་སྟོན་བྱས།