མཛེས་སྡུག་ལྡན་པའི་མཚོ་སྔོན་ཏེ་གཙང་གསུམ་འགོ་ཁུངས་ནས་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་བར་གྱི་སྐྱེ་ཁམས་འཕོ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-05   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

འདི་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་གནས་པའི་འབྲི་ཆུའི་ལྷོ་རྒྱུད་ཀྱི་འདམ་ཆུ་རེད།

        མཚོ་སྔོན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་སྔ་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་ལ། མིག་སྔར་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གཅིག་པུ་དེའང་ཡིན། ལོ་མང་རིང་། ས་གནས་མི་རིགས་ཁག་གི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དེ་རང་འཁྲིའི་ལས་འགན་དུ་བརྩིས་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཚེ་སྲོག་ཐུན་མོང་ཚོགས་པ་ཞིག་གཏོད་ཆེད་འཛམ་གླིང་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད།

        གཙང་གསུམ་འགོ་ཁུངས་ནི་འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཡིན་པས་དེ་ནི་ཨེ་ཤེ་ཡའི་གལ་ཆེ་བའི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་སྐྱེ་ཁམས་བདེ་འཇགས་འགོག་རགས་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱིན་ཡོད།

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་རེད།

        ས་གཙང་འདིར་སྲུང་སྐྱོང་བྱ་ཆེད། 2005ལོ་ནས་བཟུང་རང་རྒྱལ་གྱིས་སྔ་རྗེས་སུ་གཙང་གསུམ་འགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་སྐོར་ཐེངས་དང་པོ་དང་གཉིས་པའི་ལས་གཞི་ལག་བསྟར་བྱས་པ་དང་ད་བར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར180ལྷག་ཙམ་བཏང་ཡོད་པ་རེད། 2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཐོག་མ་འདི་གར་འགོ་ཚུགས་ཤིང་། གླིང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི12.31ཟིན་པ་དང་། དེའི་མངའ་ཁོངས་སུ་འབྲི་ཆུའི་འགོ་ཁུངས་དང་། རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས་བཅས་ཡན་ལག་གླིང་ཁུལ3བཙུགས་ཡོད་པ་རེད།

འདི་ནི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག

        2004ལོ་ནས་བཟུང་། གཙང་གསུམ་འགོ་ཁུངས་ས་ཁུལ་གྱི་འབྲོག་པ་ཁྲི10ཙམ་རྩྭ་ཐང་ནས་སྤོས་པ་དང་། 2006ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འགོ་ཁུངས་ས་ཁུལ་དུGDPདཔྱད་ཞིབ་མེད་པར་བཟོས་པ་དང་། སྨད་རྒྱུད་དུ་སྐྱེ་ཁམས་རྒྱུ་ནོར་དེ་བས་མང་བོ་སོར་འཇོག་བྱ་ཆེད། 2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོའི་ཁོངས་གཏོགས་རྫོང8དང་གཙོ་གནད་སྐྱེ་ཁམས་ཁོངས་གཏོགས་རྫོང20ཡིGDPདང་། བཟོ་ལས་ཀྱི་འཕར་ཐང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག ནོར་སྲིད་ཡོང་འབབ་བཅས་དཔྱད་ཞིབ་དམིགས་ཚད་ཁག་བཞི་མེད་པར་བཟོས་པ་རེད། 2018ལོའི་ཟླ10པར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།

        རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་བྱ་བ་མགྱོགས་མྱུར་ངང་སྤེལ་བཞིན་ཡོད་ལ།  ས་གནས་མང་ཚོགས་སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་སྤྱི་གླིང་གི་སྲུང་སྐྱོང་དང་དོ་དམ་ནང་ཞུགས་ཆེད། གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྤྱི་ཕན་ལས་གནས་ཁྲི1.72བཙུགས་པ་དང་ཡོང་འབབ་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི2.16འཕར་སྣོན་བྱུང་།

འདི་ནི་གཙོད་ཅིག་གིས་མཚོ་སྔོན་ཨ་ཆེན་གངས་རྒྱབ་ས་ཁུལ་དུ་ཟས་འཚོལ་བཞིན་པ།

        འཛམ་གླིང་གི་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན་པའི་མཚོ་སྔོན་གྱིས་ཉེ་བའི་ལོ་ཤས་རིང་གཙང་གསུམ་འགོ་ཁུངས་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་ཐོག་མ་བསྐྲུན་འགོ་ཚུགས་པ་རེད།

འདི་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་རེད།

འདི་ནི་མི་མེད་གནམ་གྲུས་པར་བླངས་པའི་མཚོ་སྔོན་ཨ་ཆེན་གངས་རྒྱབ་ཀྱི་རྣམ་པ་རེད།

འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཙོང་ཉ་ཞིག་འོམ་ཆུའི་ནང་ཕྱིར་རྐྱལ་བཞིན་པ།

        སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་ཆེད་མཁས་པས་བསྟན་དོན། མི་རབས་ནས་མི་རབས་བར་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཁུལ་དུ་གནས་པའི་འབྲོག་པའི་ངོས་ནས་བརྗོད་ན། གཙང་གསུམ་འགོ་ཁུངས་ནི་ཁོང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ས་གནས་མང་ཚོགས་གཙང་གསུམ་འགོ་ཁུངས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ནང་ཐད་ཀར་ཞུགས་སུ་བཅུག་པ་དེ་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་ཁྱད་ཆོས་ཞིག་དང་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུ་དེའང་འབྱུང་འགྱུར་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་གནད་འགག་ཞིག་ཏུ་གྱུར་ཡོད།

འདི་ནི་མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་རྒྱུད་ཀྱི་ཐོག་ཐོན་ཧོར་ཆུ་རེད།

        མཚོ་སྔོན་འདི་ཉིད་ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་མཁན་གལ་ཆེན་དང་། ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་བྱེད་མཁན་བཅས་སུ་འགྱུར་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་གྱི་རྒྱལ་ཁབ་སྤྱི་གླིང་ལའང་འཛམ་གླིང་གིས་རེ་བཞག་ཆེན་པོ་བཅངས་ཡོད། གཙང་གསུམ་འགོ་ཁུངས་སུ་རྟོག་ཞིབ་ཐེངས་མང་བྱེད་མཁན་དབྱིན་ཇིའི་ཁོར་ཡུག་དང་འདབ་ཆགས་རིགས་ཀྱི་ཆེད་མཁས་པ་ཐང་རུའེ་ཡིས་གསར་འགོད་པར་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དུ་མི་རྣམས་ཀྱིས་རང་བྱུང་དང་འབྲེལ་འདྲིས་བྱེད་པ་དང་རང་བྱུང་གི་ཐུན་མོང་མ་ཡིན་པར་ཉམས་ལེན་བཅས་བྱེད་ཐུབ། རྒྱལ་ཁབ་སྤྱི་གླིང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ས་གནས་དམིགས་བསལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་བརྟེན་ནས་མ་འོངས་པར་ཀྲུང་གོར་འཛམ་གླིང་རིམ་པའི་རྒྱལ་ཁབ་སྤྱི་གླིང་རྩེ་གྲ་ཞིག་ཆགས་རྒྱུ་རེད་ཅེས་བཤད། །