མངར་ཟས་ཟ་མང་ན་བདེ་ཐང་ལ་གནོད་པ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-09-04   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        《རང་བྱུང་》(Nature)ཞེས་པའི་འཛམ་གླིང་གི་ཚན་རིག་ཞིབ་འཇུག་སྐོར་གྱི་དུས་དེབ་གྲགས་ཅན་དུ་སྤེལ་བའི་《བྱེ་མ་ཀ་རར་དུག་ལྡན་པའི་སྐོར་གླེང་བ་》ཞེས་པའི་དཔྱད་རྩོམ་ཞིག་ཏུ་བསྟན་པ་ལྟར་ན།  ཚན་རིག་པས་ཚོད་ལྟ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། མངར་ཟས་ནི་ཐ་མག་དང་ཆང་རག་ལྟར་གོམས་ལོབ་ཏུ་འགྱུར་སླ་བ་མ་ཟད།   བདེ་ཐང་ཐད་ཐ་མག་དང་ཆང་རག་གཉིས་དང་མཚུངས་པའི་གནོད་པ་ཆེན་པོ་ལྡན་པས་མང་དུ་ཟ་མི་རུང་།

        དཔྱད་རྩོམ་དེར་བསྟན་པར། མངར་ཟས་ནི་དེང་རབས་ཀྱི་ནད་རིགས་མང་པོ་འབྱུང་རྐྱེན་གཙོ་བོར་གྱུར་ཡོད་ཅིང་། འདས་པའི་ལོ་ངོ་༥༠ཙམ་རིང་། འཛམ་གླིང་གི་ཁྱོན་དུ་མི་བྱེ་བ་༣དང་ས་ཡ་༥ཙམ་གྱིས་མངར་ཟས་ མང་དུ་བཟས་པར་བརྟེན་ཤི་ཡོད་པ་དང་། མངར་ཟས་ཀྱིས་རྐྱེན་བྱས་ཏེ་ཤི་བའི་མིའི་གྲངས་འབོར་ནི་ཐ་མག་འཐེན་རྐྱེན་ཤི་བའི་མིའི་གྲངས་འབོར་ལས་ཀྱང་བརྒལ་ཡོད།

        དེ་ཡང་མངར་ཟས་མང་དུ་བཟས་ན་ཚེ་ཇེ་ཐུང་དང་རྒ་སླ་ཞིང་མིག་ཤེད་ཉམས་པ་མ་ཟད།  ཚོ་ཆེ་དྲག་པའི་ནད་དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བའི་ནད། སོ་ནད་སོགས་བསྐྱེད་སྲིད་པས་ཉིན་རེའི་མངར་ཟས་ཟ་ཚད་དེ་ཁེ་༤༠ལས་མི་བརྒལ་བ་བྱ་དགོས།

        དེ་ལྟར་ཡིན་མོད། མངར་ཟས་ལ་ཐ་མག་དང་ཆང་རག་གཉིས་དང་མི་འདྲ་བའི་ཆ་ཞིག་ཡོད་པ་ནི་ཁྲག་གི་མངར་ཆ་(血糖)དམའ་དྲག་རྐྱེན་མགོ་ཡུ་འཁོར་བ་དང་མིག་གིས་གསལ་བོ་མི་མཐོང་མཁན་སོགས་ཀྱིས་མངར་ཟས་འོས་འཚམ་ཟ་འོས་སོ།།