བློ་བཟང་རྒྱལ་མཚན་དང་ཁོང་གི་གནས་བསྐོར་མཁོ་སྤྲོད་ས་ཚིགས།

རྩོམ་པ་པོ།   ཨན་ཡུང་ཧོང་།   ཡིག་བསྒྱུར།       དུས་ཚོད།   2019-08-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       བློ་བཟང་རྒྱལ་མཚན་ནི་བདེ་ཆེན་ཁུལ་ན་མཚན་སྙན་གྲགས་ཤིན་ཏུ་རྒྱས་པའི་ལྷ་བཟོ་བ་ཞིག་ཡིན་ཞིང་།  ཁོང་གིས་བཞེངས་པའི་ཐང་ག་ལ་རྒྱལ་སྤྱིའི་རྩེར་སོན་དངོས་མང་སྟོན་ཚོགས་ཀྱི་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་རྩེ་གྲས་ནང་གི་གསེར་གྱི་བྱ་དགའ་དང་། རྒྱལ་ཡོངས་བཟོ་རྩལ་ཐོན་རྫས་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་གསེར་གྱི་བྱ་དགའ། བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་བརྩམས་ཆོས་འགྲེམས་སྟོན་གྱི་དམིགས་བསལ་བྱ་དགའ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་ཆེན་པོ་རབ་དང་རིམ་པ་ཞིག་ཐོབ་མྱོང་ཡོད།   ལོ་ཤས་གོང་ཁོང་གིས་སི་ཁྲོན་ཁྲིན་ཏུའུ་ལུའུ་ཡེ་ཡོན་རྟེན་རྫས་བཤམས་མཛོད་ཁང་དུ་རང་ཉིད་ཀྱི་ལས་སྒྲུབ་ཁང་བཙུགས་ཤིང་དེ་ནས་བཟུང་འགྲེམས་སྟོན་ཁང་ཡང་ཡོད་པར་གྱུར་བ་མ་ཟད། རིན་མེད་ངང་དགེ་ཕྲུག་བསྡུས་ནས་ཐང་གའི་ལག་རྩལ་འཁྲིད་བཞིན་ཡོད།   ཁོང་གི་སློབ་མ་མང་ཆེ་བ་ནི་བོད་ཁུལ་གྱི་གྲོང་གསེབ་ཁག་ནས་ཡོང་བ་རེད།

       2015ལོར་བློ་བཟང་རྒྱལ་མཚན་ཀྱིས་ཁ་བ་དཀར་པོའི་ཕྱིའི་བསྐོར་ལམ་ཐིག་ན་གནས་སྐོར་བ་དང་ཡུལ་སྐོར་བ་མང་པོ་ཡོད་པར་འགྲུལ་བཞུད་ཁྲོད་མི་མེད་ལུང་སྟོང་གི་གནས་ཀྱང་མང་པོ་ཞིག་བརྒྱུད་དགོས་པ་དང་། ལམ་ཐག་རིང་བའི་ཁྲོད་དུ་ཁ་ལ་ཟ་རྒྱུ་ཡང་གནད་དོན་ཞིག་དུ་གྱུར་ཡོད་པ་ཤེས་ནས།    ཁོང་གིས་འཇོལ་རྫོང་ཡུན་ལིང་ཤང་ཁྲ་ལི་ཐང་ཟམ་ཆེན་གྱི་ཉིན་གཅིག་གི་ལམ་རྒྱུད་ཀྱི་མུའུ་གྲོལ་ཐང་དུ་མཁོ་སྤྲོད་ས་ཚིགས་ཤིག་བཙུགས་ནས་རིན་མེད་ངང་གནས་མཇལ་བ་དང་ཡུལ་སྐོར་བར་ཇ་དང་། རྩམ་པ། བག་ལེབ་སོགས་མཁོ་འདོན་བྱེད་འགོ་བརྩམས་ཡོད།  

       ད་ལོར་བློ་བཟང་རྒྱལ་མཚན་ཀྱིས་མཁོ་སྤྲོད་ས་ཚིགས་དེ་ཁྲ་ལི་ཐང་ཟམ་ཆེན་དང་ལམ་ཐག་ཉིན་2ཡོད་པའི་རྡོ་རྒན་ལ་རི་འདབས་ཀྱི་སྟག་ཁང་ལྷ་སར་གནས་སྤོས་ཤིང་ས་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད།   བར་འདི་ནི་མི་མེད་ལུང་སྟོང་གི་གནས་ཤིག་ཡིན་པ་དང་།   ས་ངོས་ཀྱང་མཐོ་བས་རྒྱུན་པར་གནས་མཇལ་བ་དང་ཡུལ་སྐོར་བར་ཟ་མའི་མི་འདང་བའི་དཀའ་ངལ་ལ་འཕྲད་ཀྱི་ཡོད་པ་མ་ཟད།   ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཅི་རིགས་ཐོན་པའི་གནས་ཚུལ་བྱུང་བཞིན་ཡོད།    ས་འདིར་གནས་སྤར་རྗེས་སྐྱེལ་འདྲེན་གྱི་མ་རྩ་ཇེ་མཐོར་སོང་བས་འཚོ་བའི་ཐད་ལའང་དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་མོད།   འོན་ཀྱང་མི་བུ་མང་པོར་རོགས་རམ་གནང་ཐུབ་པ་ནི་གཟི་བརྗིད་ཅིག་ཏུ་འདོད་དེ་ཁོང་གིས་སེམས་བསམ་པ་བཟང་བོ་བཅངས་ནས་དཀའ་སྡུག་འདི་དག་རྒྱབ་ལ་བསྐྱུར་ཏེ་བློ་གཅིག་སེམས་གཅིག་གིས་དམངས་ཕན་གྱི་བྱ་བར་བརྩོན་ཡོད། 

       ཉེ་དུས་ནི་བེ་ཤ་འཐུ་བའི་དུས་ཚིགས་ཡིན་པས། མི་གཅིག་གིས་ཉིན་གཅིག་ལ་བེ་ཤ་བཏུས་ན་ཡོང་འབབ་སྒོར་བརྒྱ་ཕྲག་ཁ་ཤས་རེག་ཐུབ་ཀྱི་ཡོད། དེས་ན་ཉིན་གཅིག་ལ་རྟ་དྲེལ་གླ་དགོས་ན་སྒོར་བཞི་བརྒྱ་སྤྲད་རུང་གླ་བྱེད་མཁན་ཉུང་བས་ཁོས་ངོ་ཤེས་རེ་འགའ་བཙལ་ནས་དངོས་ཟོག་རི་མགོར་མི་བསྐྱལ་ག་མེད་བྱུང་།    བློ་བཟང་རྒྱལ་མཚན་གྱིས་ཕྱི་བསྐོར་ལམ་ནང་གི་ཚོང་ཁང་དག་དང་འབྲེལ་འདྲིས་བྱས་ནས་མར་དང་རྩམ་པ་སོགས་མཁོ་གལ་ཆེ་བའི་མི་རྣམས་ལ་སྦྱིན་དུ་བཅུག་ཡོད་ཅིང་།   རྗེས་མར་ཁོ་རང་ཉིད་ཀྱིས་རྒྱ་མའི་གྲངས་ཚོད་རིན་གོང་ལ་བཅག་ནས་ཚོང་བདག་རྣམས་ལ་མ་དངུལ་ཀྱི་ཁ་གསབ་སྤྲད་ཡོད།   

       བློ་བཟང་རྒྱལ་མཚན་གྱིས་ཕྱི་བསྐོར་ལམ་ཐིག་ལས་འཇོལ་རྫོང་མངའ་ཁོངས་ནང་གི་འགྲིམ་འགྲུལ་དང་ཞག་སྡོད་ཀྱི་ཆ་རྐྱེན་ཇེ་བཟང་དུ་ཡོང་རེག་བར་ལ་གངས་སྐོར་མཁོ་སྤྲོད་ས་ཚིགས་འདི་ལེགས་པར་སྒྲུབ་རྒྱུ་ཁོ་ཐག་ཡིན་ཞེས་ནན་གྱིས་སྨྲས་བྱུང་།