འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཕེབས་ཚད་ཇེ་མང་དུ་ཕྱིན་པ།

རྩོམ་པ་པོ།   ཀྲུང་གོ་བོད་ཀྱི་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2019-08-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


      ཉེ་སྔོན་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་ཕེབས་ཤིང་། ལྗོངས་ཁུལ་གྱི་སྤྲོ་གསེང་རོལ་རྩེད་རྣམ་གྲངས་མང་པོའི་ཁྲོད་བར་སྣང་གི་འབྲེང་ཐག་ལ་སྡོད་པའི་རྣམ་གྲངས་ལ་ཡུལ་སྐོར་བ་ཚོས་དགའ་བསུ་ཐོབ་ཡོད།


      ཀྲེ་ཅང་ནས་ཡོང་བའི་ཡུལ་སྐོར་པ་ལིས་ལགས་ཀྱིས་འབའ་ལྷག་དཀར་རྫོང་ནི་དངོས་གནས་ཡིད་དབང་འཕྲོག་པ་ཞིག་འདུག   འབྲེང་ཐག་ལ་བསྡད་ན་ཤིན་ཏུ་སྐྱིད་པ་དང་ཆུར་གཡེང་བའང་བརྗེད་དཀའ་བ་ཞིག་འདུག་པས་གནས་འདིར་ཡུལ་སྐོར་དུ་ཡོང་བ་ནི་ཧ་ཅང་ཡག་སོང་་ཞེས་བཤད།

      ཤེས་རྟོགས་བྱུང་བར་གཞིགས་ན། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱིས་ཟླ7པར་བསྡོམས་པས་ཡུལ་སྐོར་བ22000སྣེ་ལེན་བྱས་པ་དང་། ཟླ་སྔོན་མ་ལས་མི13200ཇེ་མང་དུ་ཕྱིན་ལ་འཕར་ཚད60%ཟིན་པ་རེད། ཟླ8པར་ལྗོངས་ཁུལ་གྱིས་ཆ་སྙོམས་ཀྱིས་ཉིན་རེར་ཡུལ་སྐོར་བ3000ལ་སྣེ་ལེན་བྱས་ཡོད།