ཕྲུ་གུ་དམར་འབྱར་ལ་སྔས་མགོ་རྒྱག་པའི་དགོས་པ་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-22   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

       

        འཚོ་བའི་ཁྲོད་ཕ་མ་མང་ཆེ་བས་ཕྲུ་གུ་དམར་འབྱར་ལ་བཟོ་ལྟ་འདྲ་མིན་གྱི་སྔས་མགོ་རྒྱག་སྲོལ་ཡོད་ཅིང་། དེ་ནི་ཆེད་མངགས་ཕྲུ་གུའི་མགོ་བོའི་བཟོ་ལྟ་བཟོ་ཆེད་སྔས་མགོའི་ནང་འབྲས་དང་པད་ཁ་སོགས་ཅུང་མཁྲེགས་པའི་དངོས་པོ་བླུགས་གི་ཡོད། དོན་དངོས་ཐོག་བྱེད་སྟངས་དེ་རིགས་ཀྱིས་ཕྲུ་གུའི་སྐྱེས་འཚར་ལ་གནོད་འཚེ་ཆེན་པོ་བཟོ་ཡི་ཡོད།

        ཕྲུ་གུ་དམར་འབྱར་གྱི་སྒལ་ཚིགས་འདྲོང་པོར་གནས་ཡོད་པ་མ་ཟད་མགོ་བོའི་ཞེང་ཚད་དཔུང་པ་དང་སྙོམས་པས་སྔས་མགོ་རྒྱག་པའི་དགོས་པ་མེད། གལ་ཏེ་ཕྲུ་གུ་དམར་འབྱར་ལ་སྔས་མགོ་བརྒྱབ་ན་དབུགས་རྔུབ་གཏོང་བྱེད་པར་སྐྱོན་བྱེད་ཀྱི་ཡོད། 

        འོན་ཀྱང་། ཟླ་བ་བཞི་ལྔ་ཙམ་འཚར་སྐབས་མཇིང་ཚིགས་མདུན་ངོས་སུ་གུག་འགོ་ཚུགས་པས་དེའི་སྐབས་མཐོ་ཚད་ལིའི་སྨི་1ཙམ་གྱི་སྔས་མགོ་རྒྱག་དགོས་པ་དང་། ཟླ་བ་7ནས་8ཀྱི་སྐབས་སུ་ཙོག་བུར་སྡོད་འགོ་ཚུགས་པས་ཕྲུ་གུའི་བྲང་ཚིགས་རྒྱབ་ཕྱོགས་སུ་གུག་པ་དང་དཔུང་ཞེང་ཆེ་རུ་འགྲོ་གི་ཡོད་པས་ཕྲུ་གུ་སྙོལ་སྐབས་མཐོ་ཚད་མིའི་སྨི་3ཙམ་ཡོད་པའི་སྔས་མགོ་རྒྱག་དགོས། སྔས་མགོ་མཐོ་དྲགས་པའམ་ཡང་ན་དམའ་དྲགས་ན། ཕྲུ་གུའི་གཉིད་དང་སྐྱེས་འཚར་གང་ཅིར་གནོད་པ་ཆེན་པོ་ཡོད། དེ་བས་ཕ་མ་ཁག་ཅིག་གིས་ཕྲུ་གུའི་མགོ་བོའི་བཟོ་ལྟ་ལེགས་པོ་བཟོ་ཆེད། སྔས་མགོར་འབྲས་སམ་འབྲུ་བླུགས་ཀྱི་ཡོད་པས་དེས་ཕྲུ་གུའི་ཀླད་པའི་སྐྱེ་འཚར་ལ་ཐད་ཀར་འགོག་རྐྱེན་བཟོ་བས་ཕ་མ་ཚོས་གླེན་རྟགས་ཚ་བའི་བྱེད་སྟངས་དེ་རིགས་རྩ་བ་ནས་གནང་མི་ཉན།