རྒྱལ་བདེ་གྲོང་ཚོའི་སྐབས་དང་བོའི་བེ་ཤའི་བརྗེ་རེས་མཛད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་བརྒྱད་པའི་སེམས་ཀྱི་ཉི་ཟླར་བེ་ཤའི་དྲི་ངད་ཕྱོགས་བཞིར་ལྡིང་བཞིན་ཡོད་ལ།  མེ་ཏོག་གིས་བརྒྱན་པའི་རྩྭ་ཐང་སྟེང་ན་དྲོད་འཇམ་གྱི་རླུང་བུ་དལ་གྱིས་གཡོ་བཞིན་ཡོད་དེ།  སྐད་གཅིག་དེར་རང་ཉིད་བདེ་ཆེན་མཐོ་སྒང་གི་མཛེས་སྡུག་འདིར་དམ་གྱིས་འཁྱུད་འདོད་པའི་ཚོར་བ་དྲག་པོ་ཞིག་ངང་གིས་སྐྱེས་ཡོང་།  ཚེས་17ཉིན། སྐོར་བ་མི་བརྒྱ་ལྷག་དང་གྲོང་མི། སྐུ་མགྲོན། སྨྱན་སྦྱོར་བ་སོགས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་བེ་ཤའི་གྲོང་ཚོར་གྲགས་པའི་རྒྱལ་བདེ་གྲོང་ཚོར་འཛོམས་ཡོད་ལ། མཉམ་དུ་སྐབས་དང་བོའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་བདེ་གྲོང་ཚོའི་བེ་ཤའི་བརྗེ་རེས་མཛད་སྒོར་ཞུགས་ཡོད་པ་རེད།  



འགོ་ཚུགས་མཛད་སྒོ།


མཛད་སྒོའི་ཡུལ་དངོས།

        ཐེངས་འདིའི་བེ་ཤའི་བརྗེ་རེས་མཛད་སྒོ་ནི་རྒྱལ་ཐང་གྲོང་རྡལ་མི་དམངས་སྲིད་གཞུང་དང་རྒྱལ་བདེ་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་མཉམ་དུ་གཉེར་བ་ཡིན་ལ། དེའི་དམིགས་ཡུལ་ནི་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་གང་ལེགས་བྱས་ཏེ་རྒྱལ་ཐང་གི་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་གཏོད་པ་དང་རྒྱལ་བདེའི་བེ་ཤའི་མཚན་སྙན་ཆེ་རུ་བཏང་ནས། བེ་ཤ་ཕྱིར་འཚོང་ཐབས་ལམ་རྒྱ་ཆེར་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱིས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།  དུས་མཚུངས་སུ་བེ་ཤ་སྨྱན་སྦྱོར་བརྒྱུད་ནས་མི་མང་བོར་སེམས་ཀྱི་ཉི་ཟླའི་གངས་རི་དང་སྤང་ལྗོངས། མཚོ་དང་མཚེའུ་སོགས་ཀྱི་མཛེས་ལྗོངས་དྲིལ་བསྒྲགས་བྱས་སྟེ་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ལ་སྐུལ་འདེད་བཏང་།






མཛད་སྒོའི་སྟེང་གི་འཁྲབ་སྟོན་སྣ་ཚོགས།

 



རྒྱལ་བདེ་གྲོང་ཚོའི་མཛེས་ལྗོངས།