དགའ་ལྡན་སུམ་རྩེན་གླིང་ན་ཡུལ་སྐོར་བའི་འཚང་ཁ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཉེ་ཆར། ཞོགས་པ་སྔ་མོ་ནས་བཟུང་འགྲུལ་སྐྱེལ་རླངས་འཁོར་རྒྱུན་ཆད་མེད་པར་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། སྨུག་སྤྲིན་འཁོར་བའི་ལྷིང་འཇགས་ཀྱི་དགོན་པ་འདིར་ཡུལ་སྐོར་བ་སྐོར་དང་སྐོར་བྱས་ནས་གནས་མཇལ་དང་ལྟ་སྐོར་དུ་ཡོང་བཞིན་ཡོད། རྒྱུས་ལོན་བྱུང་ལྟར་ན་དགའ་ལྡན་སུམ་རྩེན་གླིང་ལྗོངས་ཁུལ་གྱིས་2019ལོའི་ལོ་སྟོད་ལ་ཡུལ་སྐོར་བ་མི་གྲངས་ཁྲི་21.75སྣེ་ལེན་བྱས་ཡོད་ལ། ཟླ་7པ་ནས་བཟུང་ལྗོངས་ཁུལ་གྱིས་ཆ་སྙོམས་ཉེན་རེར་ཡུལ་སྐོར་བ་མི་2000ལས་བརྒལ་བ་སྣེ་ལེན་བྱས་ཤིང་། ཟླ་བ་7པར་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་གྲངས་ཁྲི་7.57སྣེ་ལེན་བྱས་པ་རེད།

ཡུལ་སྐོར་བས་དགོན་པའི་མདུན་ནས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།


ཡུལ་སྐོར་བས་གང་བའི་དགའ་ལྡན་སུམ་རྩེན་གླིང་དགོན་པ།