བདེ་ཆེན་ཁུལ་ཨུས་2019ལོའི་དམག་གྲོས་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཉེ་སྔོན། བདེ་ཆེན་ཁུལ་ཨུས་2019ལོའི་ལོ་འཁོར་གྱི་དམག་གྲོས་ཚོགས་འདུ་འཚོགས་ཤིང་། ཀུའུ་ཁུན་གྱིས་2018ལོར་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་དམག་དོན་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལྷག་པར་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་གཏིང་ཟབ་ཞུགས་ནས་རྒྱལ་ཁ་ལེན་པ་དང་། འབྲི་ཆུའི་བཀག་ཆུའི་ཆུ་ལོག་བདེ་ཆེན་གྱི་ཡུལ་ཁོངས་སུ་ཐེབས་གཉིས་བརྒྱུད་པ། ཡུལ་དམག་སྒྲིག་འཛུགས་ཀྱིས་ཁམས་པ་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་འགན་ཡག་པོ་བསྒྲུབ་ཡོད་དེ། ཁུལ་ཡོངས་མཆོང་སྐྱོད་དར་འཕེལ་དང་ཡུན་རིང་བདེ་འགོད་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་ལ་རང་ཁུལ་གྱི་དབུལ་སྒྲོལ་གྱི་གནད་འགག་གི་དུས་ཡང་ཡིན་པས། ཁུལ་ཡོངས་ཀྱི་རིམ་པ་སོ་སོས་དམག་དོན་ལས་ཁུངས་ཀྱིས་རྒྱལ་སྲུང་སྐུལ་སློང་དང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དེས་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས།   བོད་རིགས་ས་ཁུལ་གྱི་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་མཛུབ་སྟོན་བྱས་ཡོད།