འཚོ་བཅུད་ནི་ཅི་རེད། ང་ཚོར་དེ་དགོས་དོན་ཅི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ང་ཚོས་འཚོ་བཅུད་ལ་རྒྱུས་མངའ་ལོན་དགོས་ཚེ་ངེས་པར་དུ་རྩབས་ལ་ཤེས་རྟོགས་ཡོད་དགོས། རྩབས་ནི་མིའི་ལུས་པོའི་ནང་གི་རྫས་འགྱུར་གྱི་འགྱུར་བ་ཁག་གཅིག་ལ་མགྱོགས་སུ་གཏོང་བའི་ནུས་པ་ཐོན་པའི་འདུས་རྡུལ་ཞིག་ཡིན།   རྩབས་ལ་རིགས་སྟོང་ཕྲག་མང་པོ་དབྱེ་རྒྱུ་ཡོད།   རྫས་འགྱུར་གྱི་འགྱུར་བ་རེ་རེར་རིགས་མི་འདྲ་བའི་རྩབས་རེས་བཀག་སྡོམ་བྱེད་ཀྱི་ཡོད།  གལ་སྲིད་རྩབས་ཕྲན་བུ་ཙམ་ཞིག་བྱུང་ཚེ་དེས་རྗས་འགྱུར་འགྱུར་འགྱུར་བ་ཞིག་བཀག་སྡོམ་བྱེད་ཐུབ།   དེར་བརྟེན་འདི་འདྲ་ཕྲན་བུ་ཙམ་ཞིག་གི་རྩབས་ནི་མེད་དུ་མི་རུང་བ་ཞིག་རེད།  མིའི་གཟུགས་པོའི་ནང་གི་རྗས་འགྱུར་ནུས་པ་སྣ་མང་རྙོག་འཛིང་གིས་ཕན་ཚུན་འབྲེལ་བ་བྱེད་ཅིང་།   ལྷག་པར་དུ་རྩབས་རིགས་ངེས་ཅན་ཞིག་མེད་པའི་རྐྱེན་གྱིས་རིགས་གཞན་ཞིག་གི་རྫས་འགྱུར་འགྱུར་བའི་མགྱོགས་ཚད་དལ་དུ་གཏོང་གི་ཡོད།    ལྷག་པར་དུ་ཚབས་ཆེ་བའི་ནད་གཞི་བྱུང་བའམ་ཡང་ན་ཚེ་སྲོག་ཡང་ཤོར་གི་ཡོད།       ཕྱོགས་ཆེ་ས་ནས་བཤད་ན།  མིའི་གཟུགས་པོས་ལས་སླ་པོའི་ཐོག་ནས་ཟས་རིགས་རེ་རེའི་ཁྲོད་དུ་ཡོད་པའི་དངོས་པོར་རྩབས་འདུས་རྡུལ་བཟོ་གི་ཡོད། གལ་སྲིད་ང་ཚོ་དོན་དངོས་ཐོག་ལྟོགས་ནས་བསྡད་མེད་ན་(འདི་ཐོག་མའི་ཆ་རྐྱེན་ཡིན་)བསྟུད་མུར་རྩབས་འདུས་རྡུལ་མ་འདང་པའི་ཉེན་ཁ་ནི་ཡོང་གི་མེད།  རྩབས་ཁ་ཤས་ལ་ངེས་གཏན་དམིགས་གསལ་གྱི་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་བསྡུས་ཡོད།  མ་ལག་གི་གྲུབ་ཚུལ་ཆ་ཤས་ཀྱང་ཡིན།  འདུས་ཕྲན་་འདྲེས་སྦྱོར་དངོས་གཟུགས་དེ་དག་སྤྱིར་བཏང་རྩབས་ནང་དུ་བསྡད་ཡོད་ལ་དགོས་པའི་ཁ་གྲངས་ནི་ཉུང་པོ་ཡིན། རྒྱུ་མཚན་ནི་མིའི་གཟུགས་པོས་རྩབས་གྱི་དགོས་མཁོའི་གྲངས་ནི་ཉུང་པོ་ཡིན།  ཡིན་ན་ཡང་མིའི་གཟུགས་པོར་ངེས་པར་དུ་འདི་ལྟ་བུའི་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་ཡོད་དགོས།  གལ་སྲིད་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་དེ་ཚོའི་ནང་ནས་རིགས་གཅིག་གིས་ཚབ་ཆེན་མ་འདང་ཚེ་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་བེད་སྤྱོད་བྱེད་མཁན་གྱི་རྩབས་གི་ལས་ཀ་བྱེད་ཀྱི་མེད།  རྫས་འགྱུར་འགྱུར་བ་འགའ་རེ་ཡང་དལ་པོ་དང་ཁག་པོའི་ཐོག་ནས་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་ནད་རིགས་བྱུང་ཞིང་མཐའ་མར་ཤི་འགྲོ་གི་ཡོད། དེ་གའི་ཉེན་ཁ་དེ་ནི་མིའི་གཟུགས་པོས་ཕལ་ཆེ་བའི་རྩབས་འདུས་རྡུལ་བཟོ་ཐུབ་ཀྱང་དམིགས་གསལ་གྱི་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་བཟོ་ཐུབ་ཀྱི་མེད་པས་ཡིན།  བྱས་ཙང་ངེས་པར་དུ་ཟས་རིགས་སྟེང་ནས་བསྡུ་ལེན་བྱེད་དགོས།  གལ་སྲིད་ཟས་རིགས་འདི་དག་ལ་དམིགས་གསལ་གྱི་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་ཕྲན་བུ་ཙམ་ཡང་མེད་ཚེ་མི་རྣམས་ན་བའམ་ཡང་ན་ཤི་ངེས་ཡིན།

        དུས་རབས་ཉི་ཤུ་པའི་དུས་མགོར་གནད་དོན་དེ་རྟོགས་དུས་མི་རྣམས་ཀྱིས་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་དག་གི་རང་བཞིན་ཤེས་ཀྱི་མེད།  དེ་དུས་མི་རྣམས་ཀྱི་བསམ་བློར་ཉུང་ཤོས་ལའང་འདུས་ཕྲན་འདྲེས་སྦྱོར་དངོས་གཟུགས་ཁ་ཤས་ཞིག་རིགས་གཅིག་དངོས་པོ་ཨན་(胺)གྱི་ནང་དུ་ཚུད་པར་སྙམ་གྱི་ཡོད།  དེ་རྗེས་མི་རྣམས་ཀྱིས་དེ་ཚོར་འཚོ་བཅུད་ཅེས་འབོད།  ཚེ་སྲོག་གནས་ཐབས་བྱེད་མཁན་གྱི་ཨན་(胺)ཡང་ཟེར།

        རྩི་ཤིང་ནི་འཚོ་བཅུད་ཀྱི་ཡོངས་ཁུངས་གཙོ་བོ་ཡིན།  རྩི་ཤིང་གིས་ཧ་ཅང་སྟབས་བདེ་བའི་རྗས་འགྱུར་དངོས་པོ་དབྱང་རླུང་ཐན་རྗས་དང་ཆུ། ཟེ་ཚའི་སྐྱུར་སོགས་པར་རྩི་ཤིང་གི་ཆགས་ཚུལ་དངོས་པོ་ཡོད་ཚད་བཟོ་གི་ཡོད།  གལ་སྲིད་རྩི་ཤིང་གིས་བསྡུ་ལེན་རྒྱུད་ནས་འཚོ་བཅུད་ཚང་མ་བཟོ་མ་ཐུབ་ཚེ་ཁོ་ཚོ་ནི་འཚོ་གནས་བྱེད་ཐུབ་ཀྱི་མེད།  སྲོག་ཆགས་ཀྱི་རྩི་ཤིང་བཟའ་ཞིང་དེས་མ་ཚད་རྩི་ཤིང་ཆགས་ཚུལ་དཀྱིལ་དུ་ཡོད་པའི་འཚོ་བཅུད་ཐ་དག་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད།  སྲོག་ཆགས་དེ་དག་ནི་སོ་སོས་རྩབས་བཟོ་དགོས་བཞིན་མེད།  ཁོ་ཚོས་བསྡུ་ལེན་བྱེད་དགོས་པའི་འཚོ་བཅུད་དག་རྩབས་ལས་ཀ་བྱེད་དུས་ཆེས་མཁོ་བའི་ས་ཆ་ཤ་གནད་དང་མཁྲིས་པ། མཁལ་མ།  འོ་མ་སོགས་སུ་གསོག་ཉར་བྱེད་ཀྱི་ཡོད། ཤ་གཟན་སྲོག་ཆགས་ཀྱིས་རྔོན་དངོས་སྟེང་ནས་འཚོ་བཅུད་ལེན་གྱི་ཡོད།  འཚོ་འཅུད་དེ་དག་ནི་རྔོན་དངོས་ཡིས་དཀའ་ངལ་ཆེན་པོས་རྩི་ཤིང་ཐོག་ནས་བསྡུ་ལེན་བྱས་པ་ཡིན།

        རང་སོ་སོས་འཚོ་བཅུད་བཟོ་མི་དགོས་པ་ལ་དགེ་མཚན་ངེས་ཅན་ཞིག་ལྡན་ཡོད་ཏེ།  འཚོ་བཅུད་བཟོ་བའི་སྐབས་ལ་ཕྲ་ཕུང་ཚང་མའི་ནང་དུ་རྗས་འགྱུར་ནུས་པ་སྟོན་པར་བར་སྟོང་ཆེ་ཆུང་འདང་ངེས་ཞིག་དགོས།   གལ་སྲིད་བར་སྟོང་འདི་དག་མེད་ཚེ་དེ་ལས་མང་བའི་བར་སྟོང་དག་གིས་སྲོག་ཆགས་གིས་རྩི་ཤིང་གི་བྱེད་མ་ཐུབ་པའི་ནུས་པ་མང་པོར་མཁོ་སྤྲོད་བྱེད། ནུས་པ་དེ་དག་ལ་དབང་རྩ་དགུལ་བསྐྱོད་དང་ཤ་གནད་རྐྱང་སྐུམ། མཁལ་སྙིང་འབྱེད་པ་སོགས་བསྡུས་ཡོད།  ཡིན་ན་ཡང་གློ་བུར་དུ་འཚོ་བཅུད་མ་འདང་བ་བྱུང་ཚེ་འཇུག་འབྲས་ངན་པ་ཐོན་གི་རེད།  གལ་སྲིད་མི་རྣམས་ཀྱིས་ཟ་འཐུང་སྐྱོ་ཙམ་གདམ་ཚེ་(ཡང་མིན་ན་མི་རྣམས་འདི་འདྲ་བྱེད་འདོད་ཡོད་པ།  ཡང་མིན་ན་ཟས་འཐུང་འདི་འདྲ་ལས་མེད་ཚེ།)ཁོ་ཚོར་རྐང་རུལ་ནད་དང་ཁྲག་ཉམས་ནད། རྔོ་ནད་དང་རུས་གསོབ་ནད་སོགས་ཕོག་བཞིན་འདུག དེ་དག་གི་ནད་རྐྱེན་ནི་རྩབས་འགའ་ཞིག་ལ་འཚོ་བཅུད་རིགས་ག་གེ་མོ་ཞིག་མ་འདང་སྟེ་ལས་ཀ་བྱེད་མ་ཐུབ་པས་རྐྱེན་མིའི་གཟུགས་པོའི་རྫས་འགྱུར་གྱི་གོ་རིམ་འཁྲུག་ནས་ལས་ཀ་ཡང་དལ་བུར་བྱས་ཏེ་ནམ་ཞིག་མཚམས་འཇོག་ངེས་ཡིན།།