སེམས་ཀྱི་ཉི་ཟླའི་གྲལ་རིང་གསོལ་སྟོན་ལ་དགའ་བསུ་ཆེན་མོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   བདེ་ཆེན་ཡུལ་སྐོར་གྱི་སྐད་གྲགས་ཁྱབ་ཚད་མཐོར་འདེགས་པ་དང་། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཚད་བཞེངས་སྐྲུན་བྱེད་པའི་ཆེད་དུ།  གུང་གསེང་སྐབས་སུ་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རས་སེམས་ཀྱི་ཉི་ཟླའི་བཀྲ་ཤིས་རྟགས་བརྒྱད་མི་སྟོང་གི་གྲལ་རིང་གསོལ་སྟོན་གཙོ་གཉེར་བྱེད་པ་དང་། གྲལ་རིང་གསོལ་སྟོན་དང་གླུ་གར་གོས་རྒྱན་འགྲེམ་སྟོན་སོགས་ཀྱི་བྱེད་སྒོ་ནས་སེམས་ཀྱི་ཉི་ཟླའི་ཡིད་དབང་འཕྲོག་ཤུགས་སྟོན་པ་རེད།

གྲལ་རིང་གསོལ་སྟོན་གྱི་ཡུལ་དངོས་སུ་ཧ་ཅང་འཁྲུག་པོ་འདུག

གསོལ་སྟོན་ཐོག་གི་གནམ་ཁོག

    གྲལ་རིང་གསོལ་སྟོན་ཐོག ནས་རག་དང་བོད་ཕག་གི་ཤ་སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིམ་ཟས་དག་ཡུལ་སྐོར་བ་རྣམས་ཀྱི་དགའ་བསུ་ཆེན་མོ་ཐོབ་པ་དང་།  དེའི་དུས་མཚུངས་སུ་བོད་ཀྱི་སྐོར་བྲོ་སོགས་ཀྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་དག་གིས་མི་རྣམས་ཀྱི་ཡིད་སེམས་དབང་མེད་འཕྲོག་པ་རེད།

གཉེན་སྒྲིག་སྲོལ་འཁྲབ་སྟོན་བྱེད་བཞིན་པ།

ཚང་མས་བག་སྟོན་ལ་རྟེན་འབྲེལ་ཞུ་བ།

ཡུལ་སྐོར་བ་རྣམས་ཀྱི་མཉམ་པར་ལེན་བཞིན་པ།