ཁུ་ནག་ལ་རུལ་བསླད་དྲག་པོ་དང་རུས་རྒྱུ་སབ་སོབ་ཏུ་བསྒྱུར་བའི་ནུས་བ་ཡོད་དམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-08-12   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཚ་གདུག་ཆེ་བའི་དབྱར་ཁར། ཁུ་ནག་ནི་མི་མང་པོའི་ཚ་གདུང་སེལ་བའི་ནོར་བུར་གྱུར་ཡོད། འོན་ཀྱང་དུས་ཡུན་རིང་བོར་ཁུ་ནག་འཐུང་ན་རུས་སོབ་ནད་སློང་བའི་བཤད་ཚུལ་དེ་དུས་སྔ་ནས་ཡོད་པ་རེད། དེ་ངོ་མས་བདེན་ནམ།

        མི་རྣམས་ཀྱིས་ཁུ་ནག་འཐུང་བ་དང་རུས་སོབ་ནད་འབྱུང་བའི་བར་འབྲེལ་བ་འཛུགས་སྐབས། རྒྱུན་པར་ཁུ་ནག་གི་ནང་དུ་ལིན་འདུས་ཚད་མཐོ་བས་ལིན་གྱིས་རུས་པའི་བརྗེ་ཚབ་ལ་ཤུགས་རྐྱེན་ཐེབས་སྲིད་སྙམ་མོད། འོན་ཀྱང་ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་རེར་ཁུ་ནག་འཐུང་མཁན་གྱིས་ལིན་གྱི་སྤྱིའི་བསྡུ་ལེན་ཚད་དེ་ཁུ་ནག་མི་འཐུང་མཁན་ལས་མངོན་གསལ་གྱིས་མཐོ་རྒྱུ་མེད། ལིན་མང་དྲགས་ན་རུས་རྒྱུ་སབ་སོབ་ཏུ་འགྱུར། ཁུ་ནག་རིགས་ཀྱི་ཐཱན་སྐྱུར་བཏུང་ཆུ་ཁྲོད་ལིན་སྐྱུར་དངོས་གནས་འདུས་མོད། འོན་ཀྱང་ཁུ་ནག་ཁྲོད་ཀྱི་ལིན་མང་ཆེ་བ་ལིན་སྐྱུར་ཚྭ་ཡིན་པ་མ་ཟད། འདུས་ཚད་མི་མཐོ་བས། ཀལ་རྫས་བསྡུ་ལེན་གང་ལེགས་བྱས་པའི་གནས་ཚུལ་འོག ཚད་རན་པོའི་ཐཱན་སྐྱུར་བཏུང་ཆུ་འཐུང་ན་ལུས་ཕུང་གི་ཀལ་བསྡུ་ལེན་བྱེད་པར་ཤུགས་རྐྱེན་མི་ཐེབས། རུས་གཞི་སོབ་སོབ་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ཀལ་བསྡུ་ལེན་བྱས་པ་ཉུང་བའི་སྐྱོན་ཡིན་པ་རེད། དེར་བརྟེན། ཚང་མས་ཀལ་དང་ཕུན་སུམ་ཚོགས་པའི་འཚོ་བཅུད་བསྡུ་ལེན་དང་རྒྱུན་དུ་འགུལ་སྐྱོད་བྱེད་པ། ཆང་འཐུང་བ་དང་དུ་བ་འཐེན་པར་ཡིད་གཟབ་བྱས་ན་རུས་སོབ་ནད་སྔོན་འགོག་བྱེད་ཐུབ། །