བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་རྒྱང་སྐྱོད་ལམ་ལ་བསྐྱར་དུ་སྐྱོད་པའི་བཅར་འདྲིའི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


གསར་འགོད་པ་རྒྱང་སྐྱོད་ལམ་ལ་བསྐྱར་དུ་སྐྱོད་པའི་བརྙན་རིས། 

        2019ལོའི་ཟླ་བ་7པར། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པས་བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ། འབད་བརྩོན་ལྷོད་མེད་ཀྱི་དུས་རབས་གསར་བ་ཞེས་པ་བརྗོད་གཞི་བྱས་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་ལ་བསྐྱར་དུ་ཞུགས་པ་དང་། རྒྱང་སྐྱོད་ཀྱི་གཏམ་རྒྱུད་ཡག་པོ་གླེང་བ། གསར་རྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་པའི་བཅར་འདྲིའི་བྱེད་སྒོ་སྤེལ་བ་རེད། 

ཅིན་ཅང་གྲོང་རྡལ་ཝུའུ་ཀྲུའུ་གྲོང་ཚོ་ཁའེ་ཝུན་ཚོ་ཆུང་དང་བོའི་ས་ཞིང་གི་དཀྱིལ་དུ་ཡོད་པའི་མཁར་རྙིང་།

མཁར་རྙིང་གི་སྟེང་ན་གསལ་བོར་མཐོང་ཐུབ་པའི་མེ་མདའི་མདའ་ཁུང་།

ཡའོ་ཚང་གི་ཁང་རྙིང་། 

ཡའོ་ཚང་ན་ཡོད་པའི་དམར་དམག་གིས་སྤྱོད་མྱོང་བའི་སྒ་ཆས།

ཡའོ་ཚང་ན་ཡོད་པའི་དམར་དམག་གིས་སྤྱོད་མྱོང་བའི་འཚོ་བའི་མཁོ་ཆས་སྣ་ཚོགས།

        1936ལོར་ཡའོ་ཚང་གི་ཁང་བདག་ཡའོ་ཅེ་ཞུན་ལོ་56ཡིན་ལ། ཇ་རྟའི་གནའ་ལམ་གྱི་ལྷོ་ལམ་ན་ཚོང་ལ་འགྲོ་བཞིན་པའི་ཁལ་བའི་འགོ་བ་ཞིག་ཡིན་ཞིང་། དུས་རྒྱུན་ཡུན་ནན་དང་བོད་ལྗོངས་བར་གྱི་ཇ་རྟའི་གནའ་ལམ་འདི་བརྒྱུད་ནས་ཚྭ་དང་ཀ་ར།ཇ་སོགས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད། ལོ་དེའི་ཟླ་བ་4བར། ཡའོ་ཅེ་ཞུན་གྱི་ཁལ་བ་ཧོ་ཆིན་ལ་ཐོན་དུས། དམར་དམག་གིས་ཧོ་ཆིན་ལེན་པ་དང་འཕྲད་ཅིང་། རྒྱུས་ལོན་བྱས་པ་བརྒྱུད་ཡའོ་ཅེ་ཞུན་གྱིས་དམར་དམག་ནི་མི་དམངས་ཀྱི་དམག་སྡེ་ཞིག་ཡིན་པ་དང་། མི་དམངས་ཀྱི་ཆེད་དུ་དམག་འཁྲུག་རྒྱག་བཞིན་པ་ཤེས་རྟོགས་བྱུང་སྟེ། རང་འགུལ་གྱིས་དམར་དམག་གི་ལམ་སྟོན་པ་བྱས་ཤིང་། དམར་དམག་གིས་ཡང་ཁོར་གུས་བཀུར་ཚད་མེད་ཞུ་སྟེ་ཕུ་བོ་རྒན་པ་ཞེས་གུས་པས་འབོད་པ་རེད། དམར་དམག་གིས་འབྲི་ཆུ་བརྒལ་རྗེས། ཡའོ་ཅེ་ཞུན་གྱིས་དམག་དཔོན་ཆེན་པོ་ཧོ་ལུང་སོགས་ཁོང་ཚང་ལ་གདན་འདྲེན་ཞུས་པ་མ་ཟད། ཁོང་ཚང་ནས་གནས་སྐབས་བཀོད་འདོད་པུའུ་བཙུགས་སུ་བཅུག་ལ། དེ་མིན་ཡའོ་ཅེ་ཞུན་གྱི་སྐུལ་སློང་འོག་གྲོང་ཚོའི་ཁྱིམ་ཚང་སོ་སོས་དམར་དམག་ཁྱིམ་དུ་བསུས་ཤིང་། གྲོང་ཚོའི་ནང་གི་ར་སྐོར་སྟོང་བ་རྣམས་ཀྱང་དམར་དམག་གིས་གང་བ་རེད། 

དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ།