ད་ལོའི་ལོ་སྟོད་ལ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་ཁྲི་995.1སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ད་ལོའི་ལོ་སྟོད་དུ་བདེ་ཆེན་ཁུལ་གྱིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་མུ་མཐུད་ངང་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་ཞབས་ཞུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལོ་སྟོད་དུ་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་995.1ལ་སྣེ་ལེན་བྱས་ཏེ་ན་ནིང་གི་དུས་མཚུངས་ལས་4.27%འཕར་(དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་930.191དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་64.91)ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་113.28ཟིན་པ་དེ་8.83%འཕར་ཡོད་པ་རེད།

རྡོ་མཁར་རྫོང་གནའ་གྲོང་།

དགའ་ལྡན་སུམ་རྩེན་གླིང་།

            གཉིས་ནི་རིག་གནས་ཡུལ་སྐོར་རྣམ་གྲངས་གཙོ་བོ་བརྟན་པོའི་ངང་སྤེལ་བ། གསུམ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་ཚད་མགྱོགས་སུ་གཏོང་བ།བཞི་ནི་དྲིལ་བསྒྲགས་དང་ཚོང་གཉེར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ལྔ་ནི་རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་རེད།

ལྷིང་འཇགས་ཀྱི་བོད་གྲོང་།

གཡག་ལ་ཞོན་ནས་དྲན་རྟེན་མཉམ་པར་རྒྱག་བཞིན་པའི་ཡུལ་སྐོར་བ་ཆུང་ཆུང་།