ཁུལ་ཨུ་དྲིལ་བསྒྲགས་པུས་འཇོལ་རྫོང་གི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་བརྟག་ཞིབ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-29   རྩོམ་ཁུངས།    བདེ་ཆེན་ཉིན་རེའི་ཚགས་པར།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། ཁུལ་ཨུའི་རྒྱུན་ཨུ་ཁུང་ཝུའེ་ཧྭ་ཡིས་ཁུལ་ཨུའི་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བ་སྣེ་ཁྲིད་དེ་འཇོལ་རྫོང་དུ་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་ལ་བརྟག་ཞིབ་བྱེད་སྐབས་འཇོལ་རྫོང་གི་དྲིལ་བསྒྲགས་བསམ་བློའི་རིག་གནས་འཐབ་ཕྱོགས་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    འཇོལ་རྫོང་དྲིལ་བསྒྲགས་ཁོངས་གཏོགས་ཀྱི་འབྲེལ་ཡོད་འགན་འཁུར་བའི་སྙན་སེང་གསན་རྗེས་འཇོལ་རྫོང་གི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་འཐབ་ཕྱོགས་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ལས་འགན་དང་ལས་འགན་ཁོང་དུ་ནན་པོ་ཆུད་པ་དང་། སྨྱན་སྦྱོར་+སྲིད་དོན་+ཞབས་ཞུ་ཞེས་པའི་བླང་བྱ་གཞིར་བཟུང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྫོང་ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པའི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་སྨྱན་སྦྱོར་ལག་རྩལ་སྤེལ་རེས་དང་། འཚོལ་སྒྲིག་དང་འོས་སྐྱེལ། གཉེར་སྐྱོང་སྲུང་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཡིད་དབང་བཀུག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། སྡེ་ཁུལ་ཁག་དང་གྲོང་ཚོ་དང་གྲོང་རྡལ་ཁག་གི་མང་ཚོགས་ཀྱི་ཆ་འཕྲིན་དགོས་མཁོར་དམིགས་ནས་རིགས་ཁག་གི་སྤྱི་པའི་ཆ་འཕྲིན་གནད་སྨིན་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་ཅན་དང་གྲོང་ཚོ་གྲོང་རྡལ་ཅན་གྱི་མཉམ་འགུལ་སྤེལ་རེས་ལས་སྟེགས་མཁོ་འདོན་བྱེད་པ། མང་ཚོགས་དྲིལ་བསྒྲགས་དང་། མང་ཚོགས་སྐུལ་སློང་། མང་ཚོགས་ལ་ཁྲིད་སྟོན། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་མཐའ་མའི་འགག་གནད་ཞེས་པའི་བསལ་ནས་སེམས་ཀྱི་ཉི་ཟླའི་སྤུས་རྟགས་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྟག་དཔྱད་ཚོ་ཆུང་གིས་སྔ་རྗེས་སུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་།རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་འཐབ་ས་ལ་སྔ་རྗེས་སུ་བརྟག་ཞིབ་བྱས་པ་རེད།