ཆང་རག་བཏུངས་རྗེས་བྱེད་མི་རུང་བ་བཞི། ངེས་པར་དུ་ཤེས་དགོས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-25   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ཆང་རག་ནི་ང་ཚོའི་རྒྱུན་གཏན་འཚོ་བའི་ནང་འཕྲད་མང་བའི་འཐུང་བྱ་ཞིག་ཡིན་ཞིང་། རང་རྒྱལ་ལ་ཡུན་རིང་བའི་ཆང་རག་འཐུང་བའི་རིག་གནས་ཡོད་ལ་མི་མང་དག་ཞིག་གིས་ཆང་རག་འཐུང་རྒྱུར་དགའ་པོ་བྱེད་ཀྱི་ཡོད། འོན་ཀྱང་། དུས་མང་པོ་ཞིག་ལ། ང་ཚོས་ཆང་རག་འཐུང་སྐབས་ཡིད་གཟབ་བྱེད་དགོས་པ་མང་པོ་ཞིག་སྣང་མེད་དུ་འཇོག་གི་ཡོད།

        ཆང་རག་བཏུངས་རྗེས་ཡིད་གཟབ་མ་བྱས་ཚེ་གཟུགས་པོར་གནོད་པ་ཆེན་པོ་བཟོ་སྲིད་པས། སྔ་ཙམ་འགྱུར་བཅོས་བྱས་ཏེ་གཟུགས་པོར་བདེ་སྲུང་བྱེད་དགོས།

        ཆང་རག་བཏུངས་རྗེས་གཤམ་གྱི་གནད་དོན་བཞི་པོ་རྩ་བ་ནས་བྱ་མི་རུང་།

        1.ཆང་རག་བཏུངས་རྗེས་སྨན་བཟའ་མི་རུང་།

        2.ཆང་རག་བཏུངས་རྗེས་གུང་ལ་ཕུག་བཟའ་བ་དང་དེའི་ཁུ་བ་འཐུང་བ་སོགས་བྱ་མི་རུང་།

        3.ཆང་རག་བཏུངས་རྗེས་སྐྱུག་མི་རུང་།

        4.ཆང་རག་བཏུངས་རྗེས་གཟུགས་པོ་འཁྲུ་མི་རུང་།