སེམས་ཀྱི་ཉི་ཟླས་བེ་ཤ་འཐུ་བའི་ཡུལ་སྐོར་ལམ་ཐིག་གསར་དུ་བཏོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བེ་ཤ་ནི་འཛམ་གླིང་ཐོག་རྩ་ཆེན་ལ་གཅེས་སྤྲས་ཀྱི་རང་བྱུང་སྨན་སྦྱོར་ཤ་མོ་དང་རང་རྒྱལ་གྱི་རིམ་པ་གཉིས་ཅན་གྱི་སྟོངས་ལ་ཉེ་བའི་སྲུང་སྐྱོང་སྐྱེ་དངོས་རིགས་ཞིག་ཡིན་ལ།  སི་ཁྲོན་དང་བོད་ལྗོངས། ཡུན་ནན་སོགས་ཀྱི་ས་གནས་ནི་ཀྲུང་གོའི་བེ་ཤའི་ཐོན་ས་གཙོ་བོ་ཡིན།  བེ་ཤ་ནི་མིག་སྔར་མིའི་ཐབས་ཀྱིས་འདེབས་གསོ་བྱེད་མི་ཐུབ།

བྱེད་སྒོའི་ཡུལ་དངོས།

        ཟླ་7པའི་ཚེས་23ཉིན། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་བེ་ཤའི་ཕ་ཡུལ་ཞེས་པའི་བེ་ཤ་འཐུ་བའི་དུས་ཆེན་དང་བེ་ཤའི་ཡུལ་སྐོར་ལམ་ཐིག་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་དུ་སྤེལ།  རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་མགྲོན་པོ་དང་ཚོང་པ་མི་90ལྷག་སྐད་ཚགས་སུ་འཛོམས་ནས་སྐོར་བྲོ་དང་ལ་གླུ་སོགས་ཀྱི་རིག་གནས་ཀྱི་གསོལ་སྟོན་ལོངས་སྤྱོད་བྱས་པ་མ་ཟད། ད་དུང་རི་ཐོག་ནས་བེ་ཤ་འཐུ་བར་མྱོང་ཚོར་བྱས་པ་རེད།

རི་ཐོག་ནས་བེ་ཤ་འཐུ་བར་མྱོང་ཚོར་བྱས་པ།

        2019ལོའི་ཟླ་7པར། བདེ་ཆེན་གྱིས་སེམས་ཀྱི་ཉི་ཟླ་ནས་འབའ་ལྷག་དཀར་རྫོང་དང་ཀོང་རྩེད་རའི་ཡུལ་བརྒྱད་གྲོང་།  སེམས་ཀྱི་ཉི་ཟླ་ནས་མཐའ་ཆུ་གྲོང་རྡལ། སེམས་ཀྱི་ཉི་ཟླ་ནས་ཉི་ཤར་ཤང་ཞིང་ཧྥུ་གྲོང་། སེམས་ཀྱི་ཉི་ཟླ་ནས་སྐད་ཚགས་ཤང་དམའ་ལུང་གྲོང་། སེམས་ཀྱི་ཉི་ཟླ་ནས་མུ་ཟུར་གྲོང་། སེམས་ཀྱི་ཉི་ཟླ་ནས་མེ་ལོང་གྲོང་བཅས་ཀྱི་སྒེར་འཁོར་བཏང་བའི་ཡུལ་སྐོར་ལམ་ཐིག་དྲུག་བཏོན་པ་རེད།

        ཉེ་བའི་ལོ་འགའི་རིང་དུ། བེ་ཤའི་ཁེ་ལས་དང་ཉོ་སྒྲུབ་ཚོང་པ། དེ་མིན་མང་ཚོགས་འགའ་ཡིས་བེ་ཤ་ཆུང་ཆུང་བཏུས་ནས་ཉོ་འཚོང་བྱས་ཡོད་པས་བདེ་ཆེན་གྱི་བེ་ཤ་ཐོན་ཁུངས་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད། དེའི་ཕྱིར། ང་ཚོས་རང་རྟོགས་སྒོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་གི་སྲུང་སྐྱོང་སྲོལ་ཡིག་བརྩི་སྲུང་བྱེད་དགོས་པ་དང་།  ལི་སྨི་5མན་གྱི་བེ་ཤ་ཆུང་ཆུང་མི་འཐུ་བ་དང་ཉོ་འཚོང་མི་བྱེད་དེ་བེ་ཤའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་འབོད་སྐུལ་ཞུ།