ཀྲུང་གོའི་ཚན་རིག་པས་ཡར་འབྲོག་གཡུ་མཚོའི་ཟབ་ཚད་ཚད་ལེན་ཐོག་མ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-24   རྩོམ་ཁུངས།    མི་དམངས་དྲ་བ།

        མིག་སྔར་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་པའི་རུ་ཁག་གིས་ཡར་འབྲོག་གཡུ་མཚོའི་ཟབ་ཚད་ཚད་ལེན་བྱེད་བཞིན་ཡོད་པ་དང་འབྲེལ་ཆུའི་རྒྱུག་ཚད་ཀྱང་ཚོད་རྩིས་བྱེད་བཞིན་ཡོད། འདི་ནི་ཀྲུང་གོའི་ཚན་རིག་པས་ཕྱོགས་ཡོངས་ནས་ཡར་འབྲོག་གཡུ་མཚོའི་ཟབ་ཚད་ཚད་ལེན་བྱེད་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་ཚད་ལེན་བྱས་པ་དེའང་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི“ཨེ་ཤ་ཡའི་ཆུ་སྒྲོམ”གྱི་ཆུའི་རྒྱུག་ཚད་ཚད་ལེན་བྱེད་པའི་ཆ་ཤས་ཤིག་རེད། ཡར་འབྲོག་གཡུ་མཚོ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་ཁོངས་སུ་ཡོད། ལྷ་ས་དང་བར་ཐག་སྤྱི་ལེ་100ཙམ་ཡོད། དེའི་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་པས། བོད་ལྗོངས་ཀྱི་སྐད་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཤིག་ཡིན།