ཁྲ་ཀྲུང་ཝང་གིས་བདེ་ཆེན་ཁུལ་གྱི་ནག་ཚོགས་གཙང་སེལ་ལས་ཀར་རྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན། ཞིང་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་བདེ་ཆེན་ཁུལ་ནག་ཚོགས་གཙང་སེལ་གཞུང་ལས་ཁང་དུ་ཟབ་འཇུག་བྱས་ནས། རང་ཁུལ་ཉེ་དུས་ཀྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་སྐུལ་སྤེལ་གཏོང་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད།  ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་དབྱང་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་བཀྲ་ཤིས་དོན་འགྲུབ།  ཁུལ་སྤྱི་བདེ་ཅུས། ཁུལ་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན།  ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་སྲིད་ཁྲིམས་ཨུ།  ཁུལ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་ནག་ཚོགས་གཙང་སེལ་གཞུང་ལས་ཁང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས།

        བཞུགས་མོལ་ཚོགས་འདུའི་ཐོག  ཁྲ་ཀྲུང་ཚང་གིས་རང་ཁུལ་གྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀའི་སྤེལ་ཚུལ་གྱི་སྙན་སེང་ཉན་པ་དང་།  རང་ཁུལ་ཉེ་དུས་ཀྱི་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ལས་ཀ་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད།  གོམ་སྟབས་རྗེས་མའི་ལས་ཀ་ལ་བླང་བྱ་བཏོན་པ་རེད།

        ཁྲ་ཀྲུང་ཝང་གིས་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐབས་ཇུས་གལ་ཆེན་ཡིན་ལ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་ལས་ལྷག་པར་བསམ་བློའི་ངོས་འཛིན་གོང་དུ་གཏོང་དགོས་པ་དང་། དངོས་གནས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཨུའི་བཀོད་སྒྲིག་ཐོག་གཅིག་འགྱུར་བྱེད་དགོས་ཏེ། གཅིག་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཀྲུང་དབྱང་ནག་ཚོགས་གཙང་སེལ་ལྟ་སྐུལ་ཚོ་ཆུང་20པའི་ལྡོག་འདྲེན་བསམ་འཆར་གྱི་དག་ཐེར་ལེགས་བཅོས་ཇུས་གཞི་སྐོར་གྱི་སྐུལ་འདེད་དམ་འཛིན་བྱེད་དགོས་པ་དང་། གཉིས་ནས་ནག་ཚོགས་གཙང་སེལ་ཆེད་དམིགས་འཐབ་རྩོད་ཀྱི་དུས་ཡུན་ལོ་གསུམ་གྱི་ལས་ཀའི་དམིགས་འབེན་ལ་སྐོར་ནས་སྐུལ་འདེད་དམ་འཛིན་བྱེད་དགོས་པ། གསུམ་ནས་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱས་ནས་སྐུལ་འདེད་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་རེད།