སེམས་ཀྱི་ཉི་ཟླའི་བེ་ཤ་མངག་ཉོ་གནང་བར་དགའ་བསུ་ཞུ།

རྩོམ་པ་པོ།   ཧོང་ཞའོ་ལི།  ཡིག་བསྒྱུར།       དུས་ཚོད།   2019-07-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཉེ་བའི་ཉིན་འགའི་རིང་ལ་བསྟུད་མར་ཆར་བབས་པ་དང་།  བདེ་ཆེན་ཁུལ་གྱི་ཡུལ་གྲུ་སོ་སོ་ནས་ཐོན་པའི་བེ་ཤ་སོགས་རི་སྐྱེས་ཤ་མོའི་རིགས་སྣ་ཚོགས་ཚོང་རར་ཐོན་འགོ་བརྩམས་ཡོད།   སེམས་ཀྱི་ཉི་ཟླའི་བེ་ཤ་གླིང་ཁུལ་དུ་མགྱོགས་སྐྱེལ་ཀུང་སི་མང་པོ་ཞིག་གིས་སྦྲགས་སྐུར་ས་གནས་དང་།   ཆབ་རོམ།  ཆུ་རྔུབ་ཤོག་བུ།   ཕྱི་ཐུམ་སོགས་གྲ་སྒྲིག་བྱས་ཚར་བ་དང་།  ཤ་མོ་འབོར་ཆེན་ཚོང་རར་ཐོན་པར་རེ་སྒུག་བྱས་ཡོད། 

      སེམས་ཀྱི་ཉི་ཟླའི་རི་སྐྱེས་བེ་ཤ་ནི་རྒྱལ་ཕྱི་ནང་དུ་སྙན་གྲགས་ཆེ་བའི་ཐོན་རྫས་ཤིག་ཏུ་གྱུར་ཡོད་པ་དང་།  རྒྱལ་ཡོངས་ཀྱི་ས་གནས་སོ་སོར་མཁོ་ཚད་ཤིན་ཏུ་ཆེ་བ་རེད།   ད་ལོར་ལི་ཅང་གྲོང་ཁྱེར་དུ་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་ཡོད་པས་བེ་ཤའི་མྱུར་སྐྱེལ་དངོས་རྫས་ནི་འཁྱག་ཉར་རླངས་འཁོར་བརྒྱུད་ནས་སྐབས་ཐོག་ཉིན་གཅིག་རིང་ལི་ཅང་གྲོང་ཁྱེར་དུ་བསྐྱལ་ཆོག་པ་དང་།   དེ་ནས་མྱུར་བགྲོད་མེ་འཁོར་བརྒྱུད་དེ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་བསྐྱལ་ཆོག་ལ།  ཆུ་ཚོད48རིང་འཛད་སྤྱོད་པའི་ལག་ཏུ་འབྱོར་ཐུབ་པ་རེད། 



      ཟླ8པ་ནས་བཟུང་།  སེམས་ཀྱི་ཉི་ཟླའི་བེ་ཤ་གཅིག་བསྡུས་ཀྱིས་ཚོང་རར་ཐོན་རྒྱུ་རེད།  མྱུར་སྐྱེལ་ཀུང་སི་སོ་སོས་བྱ་ཐབས་སྣ་མང་ལ་བརྟེན་ནས་གསར་ཐོན་བེ་ཤ་མྱུར་སྐྱེལ་བྱེད་པར་འགན་སྲུང་གང་ལེགས་བྱས་ཡོད་པས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་འཛད་སྤྱོད་པས་སེམས་བདེ་མོའི་ངང་ནས་མངག་ཉོ་གནང་ཆོག