རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་བདེ་ཆེན་དུ་ཡོང་ནས་ཁོངས་གསུམ་ཁུལ་གསུམ་གྱི་སློབ་གསོའི་བྱ་བར་བརྟག་ཞིབ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་7པའི་ཚེས་4ནས་ཚེས་9བར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ །དགུ་གསུམ་སློབ་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཧྲའོ་ཧུང་གིས་སྣེ་ཁྲིད་པའི་བརྟག་ཞིབ་ཚོ་ཆུང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་བཅས་ཀྱི་ཤིན་ཏུ་དབུལ་བའི་དབུལ་ཕོངས་ས་ཁོངས་ཀྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་བར་བརྟག་ཞིབ་གནང་།

        བརྟག་ཞིབ་ཚོ་ཆུང་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་སློབ་ཆུང་དང་འཇོལ་རྫོང་སློབ་ཆུང་གཉིས་པ། ཀོང་རྩེད་ར་གྲོང་རྡལ་བྱིས་གཉོར་ཁང་། འཇོལ་རྫོང་སློབ་འབྲིང་། འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ལྟེ་བའི་སློབ་ཆུང་། འབའ་ལུང་རྫོང་སློབ་འབྲིང་དང་བོ་བཅས་ལ་བརྟག་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་སློབ་ནར་མ་སོན་པའི་གོང་གི་སློབ་གསོ་དང་ལོ་བཅུ་བཞིའི་འོས་འགན་སློབ་གསོའི་གནས་ཚུལ།དེ་མིན་བདེ་ཆེན་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་དགེ་རྒན་གྱི་སྲོལ་ཡིག་20ཡི་དོན་འཁྱོལ་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པ་རེད།

བདེ་ཆེན་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་དགེ་རྒན་གྱི་སྲོལ་ཡིག་20ཡི་དོན་འཁྱོལ་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

ཉི་ཤར་སློབ་ཆུང་དུ་བརྟག་ཞིབ་བྱེད་བཞིན་པ།

འཇོལ་རྫོང་སློབ་འབྲིང་གཉིས་པར་བརྟག་ཞིབ་བྱེད་བཞིན་པ།

འཇོལ་རྫོང་སློབ་ཆུང་གཉིས་པར་བརྟག་ཞིབ་དུ་སོང་ལ་སློབ་མ་ཚོ་དང་ཁ་བརྡ་བྱེད་བཞིན་པ།

འཇོལ་རྫོང་སློབ་འབྲིང་དུ་བརྟག་ཞིབ་གནང་བཞིན་པ།

འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་བརྟག་ཞིང་གནང་བཞིན་པ།

འབའ་ལུང་རྫོང་སློབ་འབྲིང་དང་བོར་བརྟག་ཞིབ་གནང་བཞིན་པ།

འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་ཐུང་ལི་ལི་སུའུ་རིགས་རི་གྲོང་གི་སྤྱི་སྐད་སྐུལ་སྤེལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

    ཚེས་8ཉིན་གྱི་ཕྱི་དྲོར། བརྟག་ཞིབ་རུ་ཁག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བརྟག་ཞིབ་ཀྱི་བགྲོ་གླིང་ཚོགས་འདུ་འཚོགས་ཤིང་།ཚོགས་འདུའི་སྟེང་བདེ་ཆེན་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་དང་། གཞི་རིམ་ལས་བྱེད་པ་དང་དགེ་རྒན་གྱི་འཐུབ་ཚབ་པའི་བསམ་འཆར་ལ་ཉན་པ་རེད། ཧྲའོ་ཧུང་གིས་བདེ་ཆེན་གྱི་སློབ་གསོའི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས།

བགྲོ་གླིང་ཚོགས་འདུའི་ཡུལ་དངོས།

    ཧྲའོ་ཧུང་གིས་བདེ་ཆེན་ཁོངས་གསུམ་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བའི་གནས་ཤིག་ཡིན་པའི་ཆ་ནས་སློབ་གསོའི་དོན་ཆེན་འདི་དམ་འཛིན་བྱེད་དགོས་ལ། མུ་མཐུད་དུ་འདིའི་ཕྱོགས་ལ་ནུས་ཤུགས་ཆེན་པོ་བཏོན་ཏེ། སློབ་གསོའི་ཐད་ཀྱི་མི་འདང་སར་དམིགས་ནས་ཡུལ་བབ་དང་བསྟུན་པའི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་དང་།ཏན་ཏིག་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་རྒྱུ་སྤུས་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས།སྔར་ལས་ལྷག་པར་སློབ་གསོས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱེད་དགོས་པའི་བསམ་འཆར་བཏོན་པ་རེད།

ཧྲའོ་ཧུང་

    ཧྲའོ་ཧུང་གིས་ཤིན་ཏུ་དབུལ་བའི་དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་བརྟག་ཞིབ་ནི་དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ད་ལོའི་བརྟག་ཞིབ་ཀྱི་དོན་ཚན་ཆེན་པོ་འགའི་ཁྲོད་ཀྱི་གཅིག་ཡིན་ལ། ཡུན་ནན་སོགས་ཀྱི་ཞིང་ཆེན་ལ་བརྟག་ཞིབ་བྱས་པ་བརྒྱུད་ནས་མི་འགྱང་བར་གནད་དོན་མང་བོ་ཤེས་རྟོག་ཐུབ་ངེས་སྟེ། གནད་དོན་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། དེ་མིན་གྱི་འབྲེལ་སྡེ་ཁག་ཡར་ཞུ་དང་བསམ་འཆར་བཏོན་ནས་ནུབ་ཕྱོགས་ས་ཁུལ་གྱི་ཁོངས་གསུམ་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བའི་སློབ་གསོའི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ནས། སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་སྤེལ་བྱ་རྒྱུ་ཡིན་པ་བསྟན།