མཚོ་སྔོན་གྱི་བོད་རིགས་གྲོང་ཚོས་གཟབ་མཆོར་སྤྲས་ནས་རྟ་རྒྱུག་འགྲན་བསྡུར་བྱས་ཏེ་ལོ་བརྒྱའི་དཔའ་རིས་རིག་གནས་རྒྱུན་འཛིན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-05   རྩོམ་ཁུངས།    མི་དམངས་དྲ་བ།

པར་རིས་འདི་ནི་མི་རིགས་ཁག་གི་མང་ཚོགས་ཚོས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན་པ།

        ཟླ་7ཚེས་3ནས་4ཉིན་བར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དགོན་ལུང་རྫོང་སུམ་མདོ་བོད་རིགས་གྲོང་ཚོའི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་རྟ་རྒྱུག་འདུ་ཚོགས་དུས་བཀག་ལྟར་འཚོགས་པས། མང་ཚོགས་དང་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད། ལོ་བརྒྱ་རྒྱུན་འཛིན་བྱས་པའི་བོད་རིགས་གྲོང་ཚོའི་རྟ་རྒྱུག་འདུ་ཚོགས་དེ་མི་རིགས་ཁག་གི་མང་ཚོགས་དགའ་འཛོམས་དང་།  ས་གནས་དེ་གའི་རིག་གནས་སྤེལ་རེས། དེ་བཞིན་དཔལ་འབྱོར་ཚོང་དོན་ལ་སྐུལ་འདེད་བཅས་གཏོང་བའི་དུས་ཆེན་ཞིག་ཏུ་གྱུར་ཡོད། དུས་ཆེན་རིང་། ཚོགས་ཆུང་ཁག་གི་དམངས་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ་བཞིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སུམ་མདོའི་སྲོལ་རྒྱུན་རྟ་རྒྱུག་འདུ་ཚོགས་དེ་ད་བར་ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། ས་གནས་དེ་གའི་དཔའ་རིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སྔར་ལས་ལྷག་པའི་རྒྱུན་འཛིན་དང་སྲུང་སྐྱོབ་ཐོབ་ཡོད་ལ། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་གནད་སྨིན་དབུལ་སྐྱོར་དང་། སྣོད་བཅུད་སྲུང་སྐྱོང་། གྲོང་གསེབ་ཡུལ་སྐོར་གསར་སྤེལ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པ་དང་བསྟུན་ནས་དཔའ་རིས་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་སྔོག་འདོན་དང་ཁྱབ་གདལ་བྱུང་ཡོད། ལོ་རེའི་རྟ་རྒྱུག་འགྲན་བསྡུར་ཆེ་མོ་དེ་དཔའ་རིས་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཆེས་ཁྱད་ཆོས་ལྡན་ཤོས་ཀྱི་བྱེད་སྒོ་ཞིག་ཡིན་པ་རེད།

པར་རིས་འདི་ནི་མི་རིགས་ཁག་གི་དམངས་ཚོགས་ཚོས་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན་པ།

པར་རིས་འདི་ནི་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་རྟ་མཆོག་གཅིག་གིས་སྣེ་ཁྲིད་བྱེད་པའི་རྣམ་པ་ཡིན་པ།