ཤིང་ཏོག་གི་པགས་པའི་ཕན་ནུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-04   རྩོམ་ཁུངས།    བོད་ལྗོངས་ཉི་རེའི་ཚགས་པར་གྱི་བོད་ཡིག་སྨྱན་སྦྱོར།

        ༡ ཚ་ལུ་མའི་པགས་པ་ཞིབ་མོར་བཏུབས་ནས་ཆུ་ཁོལ་ལ་སྦངས་ཏེ་བཏུངས་ན། མིད་པ་བསྐམས་ནས་ལུད་པ་འགོག་དཀའ་བ་བཅོས་ཐུབ་ལ། རླངས་འཁོར་ནང་ཡུན་རིང་སོང་བའི་དབང་གིས་མགོ་ཡུར་འཁོར་བ་དང་སྐྱུག་པ་སྐྱུག་པ་སོགས་མི་བདེ་བའི་སྣང་བ་སེལ་ཐུབ།   ད་དུང་དབུགས་ཧལ་བ་དང་གློ་རྫོགས་རྒྱུ་མེད་པ་རྒྱག་པ་བཅོས་པར་དམིགས་བསལ་གྱི་ཕན་ནུས་ཐོན་ཐུབ་བོ།།

        ༢ ཏུང་ཀྭ་ཡི་པགས་པ་བཙབས་ནས་ཆུར་ཆུ་ཚོད་1ཙམ་བསྐོལ་རྗེས། ཡང་ཤེལ་ཀ་ར་ཕྲན་བུ་བླུགས་ཤིང་དཀྲུག་དཀྲུག་ལེགས་པར་བཏང་ནས་སྐར་མ་10ཙམ་བསྐོལ་དེ་ཆུ་བསྐོལ་གྲང་འོས་འཚམ་ཞིག་བླུགས་ནས་བཏུངས་ན། སྐོམ་པ་སེལ་བའི་ཁར། ལྟོའི་དང་ག་འབྱེད་ཅིང་། གཟུགས་པོའི་ཚ་བ་འཇོམས་པ་སོགས་ཀྱི་ནུས་པ་ཐོན་སྲིད་དོ།།

        ༣ ཤིང་ཏོག་སེ་འབྲུའི་པགས་པ་ཆུར་བསྐོལ་རྗེས་སྔ་དགོང་གཉིས་ལ་དཀར་ཡོལ་གང་རེ་བཏུངས་ན། ནད་ཀྱི་གཉན་ཚད་འཇོམས་ཐུབ་ལ། གྲོད་པ་བཤལ་བ་བཅོས་ཐུབ་ཁར། གཞང་འབྲུམ་གྱི་ནད་སོགས་ཀྱང་བཅོས་ཐུབ་བོ།།

        ༤ ཤིང་ཏོག་ངང་ལག་གི་པགས་པ་བཙོས་ནས་ཚ་པོར་བཟས་ན། གཞང་འབྲུམ་གྱི་ན་ཟུག་གཅོག་ཐུབ་ལ། བཙོག་པའི་ནང་ཁྲག་འདྲེས་པའི་ནད་ཀྱང་བཅོས་ཐུབ་བོ།།