ཞིང་ལྗོངས་ལྔ་ཡི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་ཚབ་པས་བདེ་ཆེན་དུ་འཛོམས་ནས་ནང་བསྟན་བྱ་བ་མཉམ་དུ་འགོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས་2ཉིན། 2019ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དབར་གྱི་འབྲེལ་འདྲིས་བཞུགས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས་པ་དང་། ད་ཐེངས་ཚོགས་འདུའི་བརྗོད་གཞི་ནི་“རིམ་གསུམ་ཡོན་གནས་ཀྱི་སློབ་ཁྲིད་རྩ་གནད་”ཡིན་ལ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཞིང་ལྗོངས་ལྔ་ཡི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འཐུས་ཚབ་པས་ཚོགས་འདུའི་བརྗོད་གཞི་དང་འབྲེལ་ནས་བགྲོ་གླེང་སྤེལ་རེས་བྱས་པ་རེད།

        གྲོས་ཚོགས་ཐོག་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་རིམ་གསུམ་ཡོན་གནས་ཀྱི་སློབ་དེབ་གནང་བ་རེད།

        ཚོགས་འདུ་གྲོལ་རྗེས། ཚོགས་ཞུགས་སྐུ་མགྲོན་ཚོས་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་ལ་ལྟ་སྐོར་དང་། སློབ་ཁྲིད་དང་གྲྭ་བཙུན་གྱིས་རྟགས་གསལ་གཏོང་བ་ལ་གཟིགས་ཞིབ་གནང་བ་རེད།

(པར་འདི་དག་མི་དམངས་དྲ་བ་ནས་ཡོང་།)