ཁ་བའི་བུ་མོ་ཆུང་ཆུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2019-07-02   རྩོམ་ཁུངས།   


ཁ་བའི་བུ་མོ་ཆུང་ཆུང་།

ལེན་མཁན།  རྣམ་རྒྱས་ཆོས་མཚོ།

ཁ་བའི་བུ་མོ་ཆུང་ཆུང་རྩེད་རར་འགྲོ

ཁ་བའི་ལས་དབང་ཕྲ་མོར་བལྟ་རུ་འགྲོ

ཁ་བའི་མགོན་པོ་བོད་ལ་བསུ་རུ་འགྲོ

ཁ་བའི་བུ་མོ་ཞིག་གི་ལས་སྐལ་ཡིན།

འོ།

ཁ་བའི་མགོན་པོ་བོད་ལ་བསུ་རུ་འགྲོ

ཁ་བའི་བུ་མོ་ཞིག་གི་ལས་སྐལ་ཡིན།

ཁ་བའི་བུ་མོ་ཨ་མའི་རྒྱུན་འཛིན་ཡིན།

ཨ་མ་ལོ་ལོ་གངས་རིའི་མ་ཡུམ་ཡིན།

བུ་མོ་ཆུང་ཆུང་ཁ་བའི་སྲོག་ཤིང་ཡིན།

ཆོལ་གསུམ་བུ་མོ་བོད་ཀྱི་རེ་བ་ཡིན།

འོ།

བུ་མོ་ཆུང་ཆུང་ཁ་བའི་སྲོག་ཤིང་ཡིན།

ཆོལ་གསུམ་བུ་མོ་བོད་ཀྱི་རེ་བ་ཡིན།

འཛམ་གླིང་ཤར་ནུབ་རིག་པའི་སྐྱེད་ཚལ་ཡིན།

གངས་ཅན་བོད་པ་རིག་པའི་བང་མཛོད་ཡིན།

བུ་མོ་ཆུང་ཆུང་རིག་པའི་མཛོད་འཛིན་ཡིན།

ཁ་བའི་བུ་མོ་འཛམ་གླིང་རྒྱན་དུ་ལོངས།

འོ།

བུ་མོ་ཆུང་ཆུང་རིག་པའི་མཛོད་འཛིན་ཡིན།

ཁ་བའི་བུ་མོ་འཛམ་གླིང་རྒྱན་དུ་ལོངས།

(བརྙན་འདི་ནི་ཐེང་ཞུན་ནས་ཡོང་།)